དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-10

    སྨན་བཅོས་འགན་སྲུང་གི་ལས་དོན་ནི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད། སྨན་བཅོས་འགན་སྲུང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས་མི་སེར་ཚོ“ན་དུས་སྨན་བཅོས”ཐུབ་པ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་གནད་ལ་འཁེལ་པོས་ལག་བསྟར་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་དམངས་ཕན་བྱེད་ཐབས་ཁག་དོན་འཁྱོལ་ཧུར་ཐག་བྱས་ཏེ་སྨན་བཅོས་འགན་སྲུང་གི་དམངས་ཕན“སྲུང་གདུགས”ཧུར་ཐག་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དཀར་ཆེན་གྲོང་ཚོ་ནས་ཡིན་པའི་སྐལ་བཟང་ལ་ལོ་སྟོད་དུ་གྲུམ་ནད་ཕོག་ནས་སྨན་ཁང་དུ་བསྡད་དེ་སྨན་བཅོས་ཉིན་20ལྷག་ཙམ་བྱས། སྨན་རིན་སྒོར་ཁྲི་15ཐོབ་པ་མཐོང་སྐབས་འཚོ་བའི་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པའི་སྐལ་བཟང་ནང་ཚང་ག་བྱེད་འདི་བྱེད་མེད་པར་གྱུར། འོན་ཀྱང་ཁོང་ཚོས་སྨན་རིན་སྒོར་ཁྲི་2ལས་སྤྲོད་མི་དགོས་པའི་འགྲོ་གྲོན་རྩིས་ཐོ་མཐོང་སྐབས་ཧ་ལས་ཧང་སངས་པར་གྱུར། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སྐད་ཆ་དྲིས་རྗེས་སྐལ་བཟང་གིས་རང་ཉིད་ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ལག་བསྟར་བྱས་པའི“གཅིག་འཐུས་རྣམ་པའི”སྨན་བཅོས་རྩིས་ཞུའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་ཤེས་རྟོགས་བྱུང་བ་རེད།

    ད་ཆ་སྐལ་བཟང་གིས་འཁར་རྒྱུག་བཙུགས་ནས་འགྲོ་ཐུབ་པ་དང་གཟུགས་པོའང་རིམ་བཞིན་དྲག་སྐྱེད་འགྲོ་བཞིན་ཡོད་པ་རེད། “གཅིག་འཐུས་རྣམ་པའི”དུས་ཐོག་གི་བསྡོམས་རྩིས་སྲིད་ཇུས་ལག་བསྟར་བྱས་པས་སྐལ་བཟང་ལྟ་བུའི་ནད་པ་མང་པོར་སྨན་བཅོས་འགན་སྲུང་གི་བརྟེན་ས་བྱུང་བས་ནད་ལྟ་བར་སེམས་ཁྲལ་མེད་པར་གྱུར་ཡོད། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་ཇུས་བཟང་པོ་དེ་ལས་ང་ཚོར་ནད་ལྟ་བར་སེམས་ཁྲལ་མིན་འདུག ངའི་སྨན་རིན་85%རྩིས་ཞུ་བྱས་བྱུང་བས་དཀའ་ངལ་ལས་སྒྲོལ་ཐུབ་བྱུང”ཞེས་སྐལ་བཟང་གིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས“གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ”བཅས་ཀྱི་འགན་སྲུང་ལམ་ལུགས་གསུམ་ཕན་ཚུན་གསབ་རེས་དང་འབྲེལ་མཐུད་ལ་སྐུལ་འདེད་ཧུར་ཐག་བཏང་བས་སྨན་རིན“གཅིག་འཐུས་རྣམ་པ”ནས་དུས་ཐོག་ཏུ་བསྡོམས་རྩིས་བརྒྱབ་པས་དཀའ་ངལ་ཡོད་པའི་མང་ཚོགས་དང་ནད་ཆེན་ནད་པའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ནུས་ལྡན་ཕྱིན་པ་དང་། བསྡོམས་རྩིས་ཞབས་ཞུའི་སྟབས་བདེའི་རང་བཞིན་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།

    ད་ཆ་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་འགན་བཅོལ་གྱི“གཅིག་འཐུས་རྣམ་པའི”བསྡོམས་རྩིས་རྩིས་ཞུའི་སྐར་ཁུང་དུ་ནད་པ་སྨན་ཁང་ནས་དོན་པའི་ཉིན་དེར་རྩིས་ཞུ་བྱེད་ཆོག་པས། རྩིས་ཞུའི་བརྒྱུད་རིམ་རྙོག་དྲ་ནས་སྟབས་བདེ་རུ་ཕྱིན་པ་མ་ཟད། རྩིས་ཞུའི་དངུལ་ཡང་འཕྲལ་མར་ལེན་ཐུབ་ཀྱི་ཡོད་པ་རེད། དམངས་ལ་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་ཞབས་ཞུའི་ལས་ལ་དམངས་ཀྱིས་དགའ་པོ་བྱེད་པ་དང་འགན་སྲུང་ནང་ཞུགས་མཁན་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།