མོན་པ་རིགས་ཀྱི་ལོ་ཆུང་བྱིས་པའི་བརྗོད་གཞིའི་གློག་བརྙན《སྐལ་བཟང་མེ་ཏོག་བཞད》ཅེས་པ་པར་ལེན་བྱེད་འགོ་ཚུགས་པ།
ཉེ་ཆར། ཀྲུང་གོ་གློག་བརྙན་ཐེབས་རྩ་ལྷན་ཚོགས་ཀྱི་ལོ་ཆུང་བྱིས་པའི་གློག་བརྙན་འཕེལ་རྒྱས་ཆེད་དོན་ཐེབས་རྩ་དང་བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱིས་མཉམ་དུ་གྲོས་འགོ་བཏོན་པའི་བོད་ལྗོངས་མོན་པ་རིགས་ཀྱི་ལོ་ཆུང་བྱིས་པའི་བརྗོད་གཞིའི་གློག་བརྙན《སྐལ་བཟང་མེ་ཏོག་བཞད》ཅེས་པ་པར་ལེན་བྱེད་འགོ་ཚུགས་པའི་མཛད་སྒོ་ལྷ་སར་གཉེར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཀྲུང་གོའི་གློག་བརྙན་ཐེབས་རྩ་ལྷན་ཚོགས་ཀྱི་ལོ་ཆུང་བྱིས་པའི་གློག་བརྙན་འཕེལ་རྒྱས་ཆེད་དོན་ཐེབས་རྩའི་2025ལོའི་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་པ་མ་ཟད། གློག་བརྙན་ཁང་ཁག་ལ་མོན་པ་རིགས་ཀྱི་གློག་བརྙན་སྟོན་རྒྱུ་མེད་པའི་སྟོང་ཆ་གསབ་པའི་གློག་བརྙན་རྣམ་གྲངས་ཤིག་ཀྱང་རེད། འབྲེལ་ཡོད་མི་སྣས། གློག་བརྙན་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་དྲུག་ཅུ་འཁོར་བའི་མཚམས་སུ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་ཏུ་ཡོངས་ཁྱབ་ངང་སྟོན་ཐུབ་རེ་ཡོད་ཅེས་བརྗོད།