དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མེ་ཏོག་ཉི་མར་ཕྱོགས་ནས་བཞད། བྱིས་བློ་མ་འོངས་ཕྱོགས་ལ་གཏད།

    རང་ལྗོངས་ཀྱི་ས་ཁུལ་ཁག་གིས“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-03

    ཟླ་5ཚེས་31ཉིན་ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས“བྱིས་པའི་སྤྲོ་སྣང་ལ་ཚད་མེད། སྒྱུ་རྩལ་ཉམས་འགྱུར་ལ་མཐའ་མེད”ཅེས་པའི“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ་བ་དང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཟླ་5ཚེས་31ཉིན་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས“བྱིས་པའི་བློ་ཁ་ཏང་ལ་ཕྱོགས། སྤྲོ་སྣང་ལྡན་པའི་བྱིས་དུས་སྐྱེལ”ཞེས་པའི“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཞིང་། འདི་ནི་བྱིས་པ་ཚོས་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་ཟླ་5ཚེས་30ཉིན་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་བུ་བཅོལ་ཁང་གི་ཕྲུ་གུ་ཚོས《བྱིས་པའི་བློ་ཁ་ཏང་ལ་ཕྱོགས》ཞེས་པའི་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།

    ཟླ་5ཚེས་30ཉིན་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་ལས་ཁུངས་བུད་མེད་ཨུ་ལྷན་གྱི་ལས་དོན་མི་སྣས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར“ལག་གདང་སྦྲེལ་ནས་བྱིས་པའི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པའི“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་ཟླ་5ཚེས་28ཉིན་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གཙང་གསར་ཤང་སློབ་ཆུང་གཉིས་པར་སྤེལ་བའི“བྱིས་པའི་ཕུགས་འདུན་སྒྲུབ། འབྱུང་འགྱུར་གསལ་བར་བྱེད”ཅེས་པའི་གཅེས་སེམས་ཞལ་འདེབས་མཛད་སྒོ་སྤེལ་རྗེས་དང་བླངས་པ་དང་ཕྲུ་གུ་ཚོ་མཉམ་པར་རྒྱག་བཞིན་པ།

    ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན། “དྲུག་གཅིག”བྱིས་པའི་དུས་ཆེན་འཆར་བ་དང་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་སྐྱིད་པའི་དགོད་སྒྲའི་ཁྲོད་བྱིས་པའི་དུས་ཆེན་ལ་དགའ་སྤྲོའི་རྟེན་འབྲེལ་ཞུས་ཤིང་། ཚང་མར་ཆུང་དུས་ནས་ཕུགས་བསམ་ཆེན་པོ་ཆགས་པར་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཧུར་ཐག་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

    ཟླ་5ཚེས་30ཉིན། གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་ལས་ཁུངས་བུད་མེད་ཨུ་ལྷན་གྱི་ལས་དོན་པས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར“གཅིག་སེམས་གཅིག་སྦྲེལ། བྱིས་བློ་མཉམ་གཏོད”ཅེས་པའི“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་འཚམས་འདྲི་བྱེད་སྒོ་སྤེལ་བ་རེད། ལས་དོན་པས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཕྲུ་གུ་ཚོར་གུང་གཞོན་སྡེ་ཚོགས་ཀྱི་ཇོ་ཇོ་དང་ཨ་ཅག་ཚོས་བསྐུར་བའི་ལག་རྟགས་སྤྲད་ཅིང་། ཕྲུ་གུ་ཚོ་དང་བྱམས་བརྩེའི་སྤེལ་རེས་བྱས་ནས་ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ཕྲུ་གུ་ཚོར་རང་རྟོན་དང་། རང་སྟོབས། རང་ཚུགས་བཅས་ལྡན་པའི་སྒོ་ནས་ཤེས་བྱར་འབད་བརྩོན་གྱིས་བློ་སྟོབས་བརྟན་པོར་སྦྱོང་བརྡར་དང་སྔ་ཙམ་ཤེས་ལྡན་མི་སྣར་འགྱུར་བར་བརྩོན་ལེན་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད། བྱེད་སྒོ་སྤེལ་བ་དེས་ཕྲུ་གུ་ཚོས་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་གཅེས་སྐྱོང་དངོས་སུ་ཚོར་བ་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་མི་རབས་རྗེས་མའི་བདེ་ཐང་འཚར་ལོངས་ཐད་མཉམ་དུ་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུར་དེ་བས་ཀྱང་ཕན་ཐོགས་ཡོད་པ་རེད།

    ཆབ་མདོ་རུ་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་དང་། ལྗོངས་སློབ་གསོ་ཐིང་། ལྗོངས་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཁྲུང་ཆིང་བཅས་ཞིང་ཆེན་(རང་སྐྱོང་ལྗོངས)དང་གྲོང་ཁྱེར་བཞིའི་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་རོགས་གཉེར་བྱས་པའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ‘བྱིས་བློ’བཅངས་ནས་མཉམ་དུ་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་ས་ཆ་བཞིའི་ལོ་ཆུང་བྱིས་པས“དྲུག་གཅིག”བྱིས་པའི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་རུ་ཁག་འདུ་ཚོགས་དེ་སྨར་ཁམས་རྫོང་འཇང་མི་རིགས་ཤང་སློབ་ཆུང་དུ་འཚོགས་ཤིང་། ཞིང་ཆེན(རང་སྐྱོང་ལྗོངས)དང་གྲོང་ཁྱེར་བཞིའི་ལོ་ཆུང་བྱིས་པ150མཉམ་དུ་འཛོམས་ནས་དུས་ཆེན་དགའ་གཏོང་བྱས་པ་རེད།

    བྱེད་སྒོའི་ནང་ས་གནས་ཁག་གི་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མི་རྣམས་ནས་ཞིང་དང་། གནའ་བོའི་ཚྭ་ཞིང་། ཚྭ་ཁྲོན་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་གནའ་ཤུལ་སོགས་སུ་བསྐྱོད་ནས“ནས་ངོས་འཛིན”གྱི་འདེབས་འཛུགས་རིག་གནས་སྤེལ་རེས་དང་། “ཚྭ་ཁྲོན་ཤེས་རྟོགས”ཀྱི་བཟོ་རྩལ་ཉམས་ལེན།“གསར་བརྗེའི་ཚྭ་ཁྲོན”ནས་གྲོང་གསེབ་འཕེལ་རྒྱས་དང་འགྱུར་ལྡོག་རྩད་ཞིབ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་ཞུགས་ནས་བོད་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་དམངས་སྲོལ་གོམས་སྲོལ་ལ་མྱོང་རོལ་བྱས་པ་མ་ཟད། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། མཛའ་བརྩེ་ཟབ་ཏུ་གཏོང་བ། མཉམ་དུ་འཚར་ལོངས་ཡོང་བ་བཅས་བྱས་པ་རེད།

    “དྲུག་གཅིག”བྱིས་པའི་དུས་ཆེན་འཆར་ཉེའི་སྐབས་སུ། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས“ཉེན་རྟོག་པས་བྱིས་པར་གཅེས་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་ཉེན་རྟོག་སྒར་ས་སྒོ་དབྱེ་ཉིན་མོའི་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་གི་དགེ་སློབ་ཀྱི་འཐུས་མི་གདན་དྲངས་ཏེ་ཉེན་རྟོག་སྒར་སར་སློབ་གྲོགས་ཚོ་དང་མཉམ་དུ“དྲུག་གཅིག”བྱིས་པའི་དུས་ཆེན་སྐྱིད་པོ་ཞིག་བཏང་བ་རེད།

    “ཀྱེ་མ། ང་ཚོའི་ཁོངས་གཏོགས་ཁུལ་གྱི་མཐའ་མཚམས་རིང་པོ་འདི་འདྲ་འདུག” “མཐའ་མཚམས་རྡོ་རིང་འདི་འདྲ་རེད་འདུག” “ཨ་ཁུ་ཉེན་རྟོག་པ་ལགས། འཇོན་པོ་འདུག ནར་སོན་ཚེ་ང་ཡང་ཉེན་རྟོག་པ་ཞིག་བྱེད་ཀྱི་ཡིན”……སློབ་གྲོགས་ཚོས་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་འོག་ཉེན་རྟོག་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་ཏེ་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་འཕེལ་རྒྱས་ལོ་རྒྱུས་ལ་སྔར་བས་ཤེས་རྟོགས་ཟབ་མོ་བྱས་པ་དང་། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་རྒྱལ་སྒོ་བརྟན་པོ་བསྲུངས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་མྱོང་ཚོར་བྱས་ཏེ་ཕྲུ་གུ་ཚོའི་སེམས་སུ་རྒྱལ་གཅེས་རིང་ལུགས་ཀྱི་ས་བོན་བཏབ་པ་རེད།

    བྱེད་སྒོའི་ནང་མི་དམངས་ཉེན་རྟོག་པས་ཕྲུ་གུ་ཚོའི་སྣེ་ཁྲིད་དེ་མངགས་གཏོང་ཁང་གི་དྲོད་ཁང་ཆེན་པོར་བསྐྱོད་ནས“ངལ་རྩོལ་གྱི་མཛེས་པ”ཉམས་ལེན་བྱས་ཏེ་སྔོ་ཚལ་འདེབས་པ་དང་། ཆུ་གཏོང་བ། རྩྭ་ངན་འགོག་པ་བཅས་ཇི་ལྟར་བྱེད་པར་དཔེ་སྟོན་བྱས་ཤིང་། ཕྲུ་གུ་ཚོས་ཀྱང་ཕུ་ཐུང་བརྫེས་ནས་ངལ་རྩོལ་ནང་ཞུགས་པས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ལ་མཉམ་ཞུགས་བྱེད་ཚད་ཀྱང་ཆེ་རུ་སོང་ཡོད། ད་རེས་ཀྱི་བྱེད་སྒོ་བརྒྱུད་དཀའ་སྤྱད་ངལ་རྩོལ་བྱས་ན་གཞི་ནས་འབྲས་བུ་ཡག་པོ་ཐོབ་པ་ཚང་མར་ཤེས་སུ་བཅུག་པ་རེད།

    ཟླ་5ཚེས་28ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་ཅི་ལིན་ལིན་ཅང་གྲོང་ཁྱེར་གྱི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་སྒྲིག་འཛུགས་དང་སྐུལ་འདེད་ཞིབ་ཚགས་བཏང་པར་བརྟེན། བོད་ལྗོངས་དང་ཅི་ལིན་གྱི་ཕྲུ་གུ་ཚོ་རི་ཆུ་ཁྲི་སྟོང་བརྒལ་ནས་དྲ་ཐོག་ཏུ་མཉམ་དུ་འཛོམས་ཏེ“གྲོང་ཁྱེར་གྱི་སྒོ་མོ་འབྱེད། གྲོང་ཁྱེར་གྱི་སྐར་ཁུང་འཚོལ”བའི“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མཉམ་དུ་སྤེལ་ཞིང་། ཐུན་མོང་མ་ཡིན་པའི་རིག་གནས་སྤེལ་རེས་ཀྱི་དགའ་སྟོན་ཞིག་བཤམས་ནས་ས་ཆ་གཉིས་ཀྱི་ཕྲུ་གུ་ཚོའི་འགྲོ་འོང་དང་སྤེལ་རེས་ལ་སྐུལ་མ་བཏང་བ་རེད།

    བྱེད་སྒོ་སྤེལ་འགོ་ཚུགས་སྐབས། ས་ཆ་གཉིས་ཀྱི་ཕྲུ་གུ་ཚོས་སྲོལ་རྒྱུན་གྱི་གཟབ་མཆོར་སྤྲས་ནས་མཛའ་མཐུན་དང་སྤེལ་རེས་མཚོན་པའི“གྲོང་ཁྱེར་གྱི་སྒོ་མོའི”མདུན་དུ་ལངས་ཏེ་སྤྲོ་སེམས་འཁོལ་བའི་ངང་ཕ་ཡུལ་གྱི་རིག་གནས་ཁྱད་ཆོས་ངོ་སྤྲོད་བྱེད་རེས་བྱས་པ་རེད། ཅི་ལིན་གྱི་ཕྲུ་གུ་ཚོས་བརྒྱངས་དཀྲོལ་གྱི་འགྱུར་ཁུག་དང་། ཀ་བེད་རོལ་ཆའི་དབྱངས་རྟ། དེ་བཞིན་སྤུ་སྨྱུག་གི་ཉམས་བཟང་བཅས་མངོན་པར་བྱས་པས་བོད་ཀྱི་ཕྲུ་གུ་ཚོས་སྲོལ་རྒྱུན་རིག་གནས་ཀྱི་དམིགས་བསལ་གྱི་ངོ་མཚར་ཚོར་ཐུབ་པ་བྱུང་ཡོད། བོད་ལྗོངས་ཀྱི་ཕྲུ་གུ་ཚོས་སྐྱིད་པའི་སྒོར་གཞས་འཁྲབས་ནས་བོད་རིགས་མི་དམངས་ཀྱི་སྤྲོ་སེམས་དང་གསོན་ཤུགས་མངོན་པར་བྱས་པ་དང་ཆབས་ཅིག་བོད་ཡིག་གི་འབྲི་སྟངས་དང་། ས་མཐོའི་མཛེས་པའི་ཡུལ་ལྗོངས། དེ་བཞིན་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་ལས་ཀ་དང་འཚོ་བ་བཅས་ངོ་སྤྲོད་བྱས་པར་བརྟེན། ཅི་ལིན་གྱི་ཕྲུ་གུ་ཚོ་གངས་ལྗོངས་ས་མཐོར་དེ་བས་ཡིད་སྨོན་སྐྱེས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།