དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་གིས་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་ཐོབ་སྣང་ཆེ་རུ་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-22

    ཉེ་ཆར། སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་གིས་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ནས། དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་མང་བ་དང་རྣམ་པ་མང་བའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་སྨན་བཅོས་འགན་བཅོལ་སྲིད་ཇུས་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་ཐོབ་སྣང་ཆེ་རུ་བཏང་བ་རེད།

    དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། སྣེ་གདོང་ཁྲོམ་གཞུང་གིས་QQཚོགས་པ་དང་སྐད་འཕྲིན་ཚོགས་པ་སོགས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་གང་ལེགས་སྤྱད་དེ་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་ཆ་འཕྲིན་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་ཤིང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་བརྡ་ཁྱབ་སྦྱོར་བ་བཅས་བྱས་པ་མ་ཟད། སྡེ་ཁུལ་དུ་ས་གནས་ས་ཐོག་གི་བློ་འདྲིའི་ས་ཚིགས་བཙུགས་ཏེ་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་སྲིད་ཇུས་གསལ་འགྲེལ་དང་དོགས་གཞིར་ལན་བཏབ་པ་རེད།

    ངོ་སྤྲོད་བྱས་པར་གཞིཌ་ན། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པར་ཁྱོན་དྲིལ་བསྒྲགས་ཤོག་ལྷེ་600སྤྲད་པ་དང་ས་གནས་ས་ཐོག་ཏུ་མང་ཚོགས་མི་ཐེངས་300ཡི་བློ་འདྲི་དང་ལེན་བྱས་ཏེ། སྨན་བཅོས་འགན་བཅོལ་སྲིད་ཇུས་ཁྱབ་གདལ་གཏོང་ཚད་དང་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས། སྣེ་གདོང་ཁྲོམ་གཞུང་དུ་སྔར་བས་འཐུས་སྒོ་ཚང་བའི་སྨན་བཅོས་འགན་ལེན་མ་ལག་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།