དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ས་མཐོའི་ངལ་རྩོལ་པ་ཕུར་བུ་མཚམས་གཅོད་ཀྱིས་བོད་སྨན་དེང་རབས་ཅན་གྱི་འཕོ་འགྱུར་གྱི་དཔང་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-12

    འདི་ནི་ཕུར་བུ་མཚམས་གཅོད་ཀྱིས་ཀུང་སིར་བརྒྱབ་པའི་དྲན་རྟེན་པར་ཡིན་པ།

    འདི་ནི་ཕུར་བུ་མཚམས་གཅོད་ཀྱིས་མཛོད་ཁང་ནས་དབོར་བའི་ཐུམ་སྒྲིལ་རྒྱུ་ཆ་ཐོ་འགོད་བཞིན་པ།

    བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་པུའི་ནང་ཁུལ་འགན་ལེན་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་ཕུར་བུ་མཚམས་གཅོད་ལ་2024ལོར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་ཡོད། བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭར་ལོ་15ཙམ་ལས་ཀ་བྱེད་རིང་། ཁོང་གིས་བོད་སྨན་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དངོས་སུ་ཞུགས་ནས་འཕོ་འགྱུར་གྱི་དཔང་པོ་བྱས་ཡོད།

    ཐོག་མར་ལས་ཀར་ཞུགས་སྐབས། བོད་སྨན་བཟོ་བ་དང་། ཐུམ་སྒྲིལ་རྒྱག་པ་སོགས་ཚང་མ་ལག་པར་བརྟེན་དགོས་སྟབས། ཕུར་བུ་མཚམས་གཅོད་ཀྱིས་ཉིན་གཅིག་ལ་བོད་སྨན་རིལ་བུ་3000ཐུམ་སྒྲིལ་རྒྱག་གི་ཡོད། ཉེ་བའི་ལོ་ཤས་རིང་། ཀུང་སིས་ཐུམ་སྒྲིལ་འཕྲུལ་ཆས་ཅན་དང་རང་འགུལ་ཅན་དུ་བསྒྱུར་ནས་ད་ཆ་ལས་གནས་ཐོག་མི་3ལས་བཀོད་སྒྲིག་བྱས་མེད་ཀྱང་འཕྲུལ་འཁོར་གྱིས་ཉིན་ལྟར་སྨན་རིལ་བུ་ཁྲི་3.8ཐུམ་རྒྱག་ཐུབ་ཀྱི་ཡོད།

    བོད་སྨན་ཐོན་སྐྱེད་ཀྱི་ལས་འགན་ལེགས་སྒྲུབ་བྱ་ཆེད། ཕུར་བུ་མཚམས་གཅོད་ཀྱིས་སྔ་ཕྱི་བར་གསུམ་དུ་ཐོན་སྐྱེད་བྱ་ཡུལ་དུ་གཏན་སྡོད་དང་ཤིན་ཏུ་ནན་པའི་ལས་ཀའི་རྣམ་འགྱུར་ལ་ལས་རོགས་ཚོའི་ཁས་ལེན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།