དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་འགོ་ཚུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-19

     ཚེས་16ཉིན་གྱི་སྔ་དྲོར། གསར་འགོད་པར་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་དང་། ལྗོངས་མི་རིགས་ལས་དོན་ཨུ་ལྷན། ལྗོངས་སློབ་གསོ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ཀྲུང་ཧྭའི་བླ་སྲོག་བརྟན་པོར་འཛུགས། རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་ཟླ་4ཚེས་15ཉིན་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་། མཐོ་སློབ་8 དེ་བཞིན་འབྲེལ་ཡོད་ཚན་པ་བཅས་སུ་དངོས་སུ་འགོ་ཚུགས་ཤིང་། ཟླ་4པ་ནས་ཟླ་5པའི་བར་ལྗོངས་ཡོངས་སུ་སྐུལ་སློང་འདེམས་སྒྲུག་བྱ་རྒྱུ་དང་ཟླ་5པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་གྱི་སྤྱི་ཚོགས་འདེམས་སྒྲུག་གི་མིང་ཐོ་འགོད་པའི་དུས་ཚོད་ནི་2024ལོའི་ཟླ་4ཚེས་15ནས་ཟླ་4ཚེས་30ཉིན་བར་ཡིན་པ་དང་། ལོ་6ནས་45བར་གྱི་བོད་དུ་ཡོད་པའི་གཞོན་ནུ་ལོ་ཆུང་(ཆོས་ལུགས་ལས་རིགས་ཀྱི་གཞོན་ནུ་དང་ཞིང་འབྲོག་ཁུལ་གྱི་གཞོན་ནུ་གྲོང་ཁྱེར་དང་ས་ཁུལ་ཁག་གིས་འོས་སྦྱོར་བྱ་རྒྱུ)ཚང་མས་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་ལས་དོན་མི་སྣ་དང་འབྲེལ་བ་བྱས་ནས་མིང་ཐོ་འགོད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།