དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ལྗོངས་མཁའ་འགྲུལ་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་མཁའ་འགྲུལ་མྱུར་སྐྱོབ་བགྲོད་ལམ་མཉམ་དུ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-13

    ཉེ་ཆར། གསར་འགོད་པར་བོད་ལྗོངས་མཁའ་འགྲུལ་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་མཁའ་འགྲུལ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དབར་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས། ཕྱོགས་གཉིས་པོས“ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། ཕན་ཚུན་གཉིས་ཕན། དགོས་མཁོ་སྟོན་ཕྱོགས། ཐུན་མོང་འཕེལ་རྒྱས”བཅས་ཀྱི་རྩ་དོན་ལ་དམིགས་ཏེ། ས་མཐོའི་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཕྲལ་སྡོམ་སྨན་བཅོས་མཁའ་འགྲུལ་བརྒྱུད་འདྲེན་བགྲོད་ལམ་མཉམ་དུ་བཏོད་ནས། ལྗོངས་ནང་ཁུལ་གྱི་སྒོ་ཁྲི་འགྲུལ་པ་སོགས་དམིགས་བསལ་ཚོགས་སྤྱིའི་མཁའ་འགྲུལ་འཕྲལ་སྡོམ་སྨན་བཅོས་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་། མཁའ་ལམ་དྲ་རྒྱའི་ཐོན་ཁུངས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་སྤྱད་དེ་འཕྲལ་སྡོམ་འབྲེལ་གཏུག་ཐབས་ལམ་གཏོད་རྒྱུ་རེད།

    དེ་དང་ཆབས་ཅིག བོད་ལྗོངས་མཁའ་འགྲུལ་གྱིས་ད་དུང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ལས་བྱེད་ལས་བཟོའི་ཚོང་འགྲུལ་ཆེ་གྲས་ཀྱི་འགན་ལེན་ཞབས་ཞུའི་ལམ་སྲོལ་བཙུགས་ནས། ལས་བཟོའི་སྨན་བཅོས་ཀྱི་སྟབས་བདེའི་བགྲོད་ལམ་དང་མཁའ་འགྲུལ་འཕྲོད་བསྟེན་མི་སྣའི་ནད་ཐོག་སྨན་བཅོས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།