དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ངམ་རིང་རྫོང་སྨན་རྩིས་ཁང་གིས་གྲོང་གསེབ་ཏུ་དམངས་ཕན་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་སྨན་རྩིས་ཁང་གིས་2024ལོའི་ལོ་འཁོར་གྱི་དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་ལས་དོན་གོ་སྐབས་སུ་བྱས་ཏེ། ཡ་མོ་ཤང་དུ་དམངས་ཕན་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཞིང་། རིན་ཐང་སྒོར་48000ལྷག་ཙམ་རི་བའི་བོད་སྨན་རིན་མེད་ངང་སྤྲད་པ་དང་མང་ཚོགས་560ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་ནས་ཚང་མས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཚོར་ཐུབ་པ་བྱས་ཡོད།

    བྱེད་སྒོ་སྤེལ་རིང་། སྨན་དོན་པས་རྩ་བརྟག་པ་དང་། ཁྲག་ཤེད་འཇལ་བ། རིན་མེད་ངང་བོད་སྨན་སྤྲོད་པ་བཅས་བྱས་པ་མ་ཟད། ས་གནས་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་གྲུམ་བུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་སོགས་རྒྱུན་མཐོང་ནད་རིགས་ཀྱི་རྒྱུ་རྐྱེན་དང་། སྔོན་འགོག སྨན་བཅོས་བྱེད་སྟངས་བཅས་སྒྲོག་འགྲེལ་བྱས་ནས་ཚང་མའི་བདེ་ཐང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།