དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷོ་བྲག་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚད་ལྡན་ངང་སྤྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉེ་ཆར། ལྷོ་བྲག་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་སྣེ་ཁྲིད་པ་དང་། རྫོང་སྲིད་གྲོས་གཞུང་ལས་ཁང་དང་། རྩ་འཛུགས་པུའུ། དྲིལ་བསྒྲགས་པུའུ། འཐབ་ཕྱོགས་གཅིག་གྱུར་པུའུ། འགྲིམ་འགྲུལ་ཅུས། ཚོང་དོན་ཅུས། རླུང་འཕྲིན་བརྙན་འཕྲིན་ཁང་སོགས་ཚན་པ་དང་མཉམ་འབྲེལ་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་རྫོང་ཡོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚད་ལྡན་ངང་སྤྱོད་པའི་གྲལ་བཤེར་བཅོས་སྒྲིག་ལས་དོན་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེ་གཙོ་བོ་གཞུང་ལམ་རྒྱུད་དང་། ཁྲོམ་ལམ། ཚོང་ཁང་གི་སྒོ་བྱང་། སྐར་ཁུང་ཚན་པ། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་བཅས་ལ་དམིགས་ནས་སྒོ་བྱང་དང་། འཕྲེད་འགེལ་ཡི་གེ གློག་རྡུལ་བརྙན་ཤེལ་བཅས་དང་དེ་བཞིན་འགྲིམ་འགྲུལ་ལམ་རྟགས་དང་། ཉེན་ཟོན་བྱང་བུ། ཕྱི་རོལ་གྱི་བརྡ་ཁྱབ་བྱང་བུ་སོགས་ཐད་སྤྱོད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ཞིབ་ཚགས་བྱས་ཡོད། ཞིབ་བཤེར་བྱེད་མཁན་གྱིས་ཞིབ་བཤེར་བྱེད་ཀྱིན་དུ་དག་ཐེར་བྱེད་པ་དང་། དོ་དམ་བྱེད་ཀྱིན་དུ་ལྟ་སྐུལ་བྱེད་པ། ས་གནས་ས་ཐོག་ཏུ་ལེགས་བཅོས་རྒྱག་པ་དང་དུས་བཀག་ནང་དག་ཐེར་བྱེད་པ་ཟུང་དུ་འབྲེལ་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ་འབྲི་ནོར་ཤོར་བ་དང་། ཡང་དག་མེད་པ། ཡི་གེ་ཟགས་པ་དང་ཆད་པ་སོགས་ཀྱི་གནད་དོན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚད་ལྡན་ངང་སྤྱོད་པའི་གལ་ཆེན་རང་བཞིན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།