དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་གྲོང་གསེབ་ཀྱི་གནམ་གཤིས་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉེ་དུས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་མ་ལག་འཛུགས་པའི་ལས་དོན་2024ལོའི་ཤང་དང་གྲོང་རྡལ་གྱི་དམིགས་ཚད་དཔྱད་ཞིབ་ནང་བཅུག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རུ་ཐོག་རྫོང་གིས་གནམ་གཤིས་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་མ་ལག་འཛུགས་པའི་ལས་དོན་དེ་ཤང་དང་གྲོང་རྡལ་གྱི་དམིགས་ཚད་དཔྱད་ཞིབ་ནང་བཅུག་ནས། རྫོང་རིམ་པའི་གནམ་གཤིས་གནོད་འཚེ་སྔོན་འགོག་ཉུང་གཏོང་བཀོད་འདོམས་པུའི་ནུས་པ་སྔར་བས་ཆེ་རུ་བཏང་བ་དང་། གནམ་གཤིས་གནོད་འཚེའི་སྔོན་འགོག་དང་འཕྲལ་སྡོམ་བཀོད་འདོམས་པུའི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ཏེ། ཤང་དང་གྲོང་རྡལ་དང་གྲོང་ཚོ་རིམ་པའི་གནམ་གཤིས་གནོད་འཚེ་སྔོན་འགོག་ཉུང་གཏོང་བཀོད་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གནམ་གཤིས་གནོད་འཚེའི་ཉེན་ཁའི་སྔོན་བརྡ་གཏོང་བ་དང་ཉེན་ཟོན་ཡོངས་བསྒྲགས་དེ་ཤང་དང་གྲོང་རྡལ་དང་། དེ་བཞིན་གྲོང་ཚོ་རིམ་པའི་གནད་སྨིན་ཚད་གཞིར་སླེབས་པ་མ་ཟད། གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་དང་པོའི་ནུས་པ་མཐོ་རུ་ཡང་ཕྱིན་ཡོད་པ་རེད།

    འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་རུ་ཐོག་རྫོང་གནམ་གཤིས་ཅུས་ཀྱིས་སྤུས་ཚད་མཐོ་བའི་གནམ་གཤིས་ཞབས་འདེགས་ཞུ་ནུས་མཐོ་རུ་གཏོང་བ་ཁྲིད་སྟོན་དུ་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་དང་། དགོས་མཁོར་བརྟེན་ནས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ། ཕྱོགས་ཁག་མཐུན་སྦྱོར་འཕེལ་རྒྱས་བཅས་མཐའ་འཁྱོངས་ཀྱིས། གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གྱིས་སྣེ་ཁྲིད་དང་། ལྟ་ཞིབ་ཚད་ལེན་ཞིབ་ཚགས། སྔོན་གཏོང་གནད་སྨིན། ཞབས་ཞུ་གནད་འཁེལ། མི་དམངས་ཡིད་ཚིམ་པ་བཅས་ཀྱི་དེང་རབས་ཀྱི་གནམ་གཤིས་མ་ལག་ཧུར་ཐག་བཏོད་དེ། མཐུན་སྦྱོར་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རུ་ཐོག་གསར་པ་སྐྲུན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་ཀྱི་ཡིན་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།