དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གནམ་གཤིས་ལས་ཁུངས་ཀྱིས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གནམ་གཤིས་ཞབས་ཞུའི་ལས་དོན་ཡག་པོར་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཞིང་ལས་ཐོན་སྐྱེད་དང་གནམ་གཤིས་དབར་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གནམ་གཤིས་ལས་ཁུངས་ཀྱིས་ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆར་གཞི་བཙུགས་ཏེ། “ཨེ་མ་ཞོག་ཁོག”ཐོན་སྐྱེད་ཀྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་། འཁོར་སྐྱོད་སྔོན་བརྡ། དུས་ཐོག་ཏུ་སྔོན་བརྡ་གཏོང་བ་བཅས་བྱས་ཏེ་གནམ་གཤིས་ཀྱིས་ཞིང་པར་ཞབས་འདེཌ་ཞུ་བའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་མཐོ་རུ་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གླིང་རྫོང་གནམ་གཤིས་ལས་ཁུངས་ཀྱིས“ལྟ་ཞིབ་ཚད་ལེན་ཞིབ་ཚཌ་དང་། སྔོན་བརྡ་གནད་འཁེལ། ཞབས་ཞུ་ཞིབ་ཚགས”བཅས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་པོར་བཙུགས་ཤིང་། སྔོན་བརྡ་དང་ཉེན་ཟོན་ཉེན་བརྡའི་དམིགས་སའི་རང་བཞིན་དང་ཚན་རིག་རང་བཞིན་ལ་སྣང་ཆེན་གྱིས“ཨེ་མ་ཞོག་ཁོག་ལ་འཚམ་པའི་གནམ་གཤིས་གདེང་འཇོག་དཔེ་དབྱིབས”བཙུགས་ཏེ་གནམ་གཤིས་ཀྱི་ཆ་རྐྱེན་ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་ལ་མཛུབ་ཁྲིད་བྱས་པ་དང་རིག་ལྡན་ཞིང་ལས་གནམ་གཤིས་ཞབས་ཞུའི་རྟེན་གཞི་འཚོལ་ཞིབ་བྱས་ནས་བསྐྲུན་ཡོད། ལས་སྒོའི་མི་སྣ་སྒྲིག་འཛུཌ་ཀྱིས《ཤངས་ཆུ་ཆུ་བེད་ལྟེ་བའི་གནམ་གཤིས་ཆེད་དོན་སྙན་ཞུ》དང་། 《ཨེ་མ་ཞོག་ཁོག་གནམ་གཤིས་ཞབས་ཞུའི་ཆེད་དོན་སྙན་ཞུ》《འབྲོག་ཁུལ་རྩྭ་རའི་གནམ་གཤིས་སྐྱེ་ཁམས་སྤྱི་བསྒྲགས》《ཡར་ཀླུང་གཙང་པོའི་བྱང་རྒྱུད་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཆེད་དོན་སྙན་ཞུ》《ས་མཐོའི་མངར་འབྲས་མེ་ཏོག་དུས་ཆེན་གྱི་ཆེད་དོན་སྙན་ཞུ》བཅས་བཟོས་པ་དང་། ནང་དོན་ལ་ཆུ་བོ་རྒྱུག་ཁུལ་དང་། ཁྱད་ལྡན་ཐོན་ལས། སྐྱེ་ཁམས་སླར་གསོ། བྱེད་སྒོ་གལ་ཆེན། གནོད་འཚེ་ཚབས་ཆེན་གྱི་གནམ་གཤིས་ཞབས་ཞུ་འགན་ལེན་སོགས་ཁྱབ་ཁོངས་མང་པོ་ཚུད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།