དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་ཚན་རྩལ་ནུས་པ་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    གསར་འགོད་པར་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་དེང་རབས་ཅན་གྱི་དགོས་མཁོ་དང་གཞི་རྩའི་ཆར་འཚམ་པའི་བོད་ལྗོངས་ཀྱི་གནམ་གཤིས་ཚན་རྩལ་གསར་གཏོད་མ་ལག་བཙུཌ་པ་དང་ཆབས་ཅིག 《གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་གནད(2022ལོ་ནས་2035ལོའི་བར)》དོན་འཁྱོལ་བྱས་ནས། རང་ལྗོངས་ཀྱི་གནམ་གཤིས་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཚན་རྩལ་དང་སྔོན་བརྡ་ཁྲུའི་ཁྲུའུ་ཀྲང་ཅན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་ས་གནས་དེ་གའི་དངོས་ཡོད་ཀྱི་སྔོན་བརྡ་གཏོང་བའི་ལག་རྩལ་བྱ་ཐབས་སྤྱད་པ་བརྒྱུད། དོན་དངོས་དང་མཐུན་པའི་དུས་ཐུང་ངུའི་ཆར་ཆུ་དང་དྲོད་ཚད་ཀྱི་གནས་ཚུལ་སྔོན་བརྡ་གཏོང་ཐུབ་ལ། ཆུ་ཚོད་རེའི་གནམ་གཤིས་འགྱུར་ལྡོག་སྔོན་བརྡ་གཏོང་ཐུབ་ཀྱི་ཡོད། བྱེད་སྒོ་གལ་ཆེན་ལ་དམིགས་ཏེ་ཆུ་ཚོད་1.5ཡི་སྔ་སྣུར་དང་། སྤྱི་ལེ་1བར། སྐར་མ་རེ་བཅས་ཀྱི་གནམ་གཤིས་འགྱུར་ལྡོག་སྔོན་བརྡ་གནད་ལ་འཁེལ་པོས་གཏོང་ཐུབ་ཀྱི་ཡོད། ལེ་ཏས་རྟོགས་མི་ཐུབ་པའི་ཡུལ་ལ་སྐབས་འཕྲལ་ཉེན་ཟོན་སྔོན་བརྡ་གཏོང་བ་དང་དུས་ཚིགས་བར་བརྒལ་རིང་གི་དྲ་མིག་ཅན་གྱི་གནམ་གཤིས་སྔོན་དཔག་ལས་སྒོ་ཚོད་ལྟ་བྱས་ནས་སྤེལ་ཡོད། རང་རྟེན་ཞིབ་བཟོ་བྱས་པའི་གངས་འུར་དཔེ་དབྱིབས་ཀྱིས་ཆུ་ཚོད་5ཡི་སྔོན་ཚུད་ནས་ཉེན་བརྡ་གཏོང་ཐུབ་ཀྱི་ཡོད། གཞན་ཡང་། ས་ངོས་ཀྱི་ལྟ་ཞིབ་ཚད་ལེན་དང་། སྲུང་སྐར། ལེ་ཏར་སོགས་གྲངས་གཞི་མང་པོ་མཉམ་འདྲེས་དང་རང་བདག་གི་ཤེས་བྱའི་བདག་དབང་ལྡན་པའི་དུས་ཐུང་ཐོན་ཁད་ཀྱི་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་མ་ལག་དང་། བོད་ལྗོངས་ས་ཁོངས་ཀྱི་ཚད་གཞི་ངེས་ཅན་གྱི་སྔོན་བརྡ་གཏོང་སྟངས་བཟོས་ནས། རང་ལྗོངས་སུ་རླུང་འཐབ་དྲག་པོའི་གནམ་གཤིས་ཉེན་བརྡ་དང་ས་ཁོངས་ཀྱི་སྔོན་བརྡ་གཏོང་སྟངས་མེད་པའི་སྟོང་ཆ་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།