དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མཚོ་སྣ་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་སློབ་གྲྭར་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉིན་ཤས་གོང་མཚོ་སྣ་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ། མཚོ་སྣ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་ཏུ་བསྐྱོད་དེ་འགོས་ནད་སྔོན་འགོག་ཚོད་འཛིན་དང་བདེ་ཐང་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མཚོ་སྣ་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཆེད་ལས་སྒྲོག་འགྲེལ་ཚོགས་པས་དཔྱིད་དུས་ཐོན་མང་བའི་ཆམ་རིམས་དང་། འགོས་ཁྱབ་ཆེ་བའི་འགྲམ་ནད། ཆུ་ཐོར། ཁ་ཚ་སྨིག་ཚའི་ནད་སོགས་འགོ་ནད་གཙོ་བོའི་ནད་ཐོག་ནད་རྟགས་དང་། འགོས་ལམ། འགོག་བཅོས་བྱེད་ཐབས་སོགས་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད་པ་རེད། དེ་དང་དུས་མཚུངས་སུ་དགེ་སློབ་ཚོར་རྒྱུན་གཏན་ནས་ལག་པ་ཡང་སེ་བཀྲུ་བ་དང་། བཟའ་བཅའ་ཚོས་མ་ཟ་བ། དཀར་ཟས་དང་དམར་ཟས་ཚད་རན་པ། འཚོ་བཅུད་དོ་སྙོམས་པ། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོང་བ། ལུས་སྦྱོང་མང་ཙམ་བྱེད་པ་སོགས་ཀྱི་ཁ་ཏ་བསླབ་བྱའང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།