དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཤེས་རིག་དང་བློ་སྦྱོང་ལྡན་པའི་མི་སྣ་གསར་པ་གསོ་སྐྱོང་བྱེད་པ།

    —— བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་དུས་གསར་པའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་ཁྲིད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

    ཟླ་3པར་སློབ་འགོ་ཚུགས་སྟབས་སློབ་གྲྭའི་འཁྲུག་ཆ་དོད་པའི་རྣམ་པ་བསྐྱར་དུ་མངོན།

    སློབ་འགོ་ཚུགས་མ་ཐག་བོད་ལྗོངས་མི་རིགས་སློབ་ཆེན་གྱིས《2024ལོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟླ་བའི་བྱེད་སྒོའི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པ་དེ་ཐོག་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཟླ་3པ་གཙོ་བོར་འཛིན་པ་དང་ལོ་ཧྲིལ་པོར་ཁྱབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དངོས་སུ་འགོ་ཚུགས་པ་མཚོན་ཡོད།

    ཉལ་ཁང་ནང་དགེ་སློབ་ཕན་ཚུན་གུང་གསེང་རིང་གི་མཐོང་ཐོས་དང་ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས། སློབ་དུས་གསར་པའི་འཆར་གཞི་གསར་པ། མི་ཚེའི་ཕུགས་འདུན་བཅས་གླེང་རེས་བྱེད་བཞིན་མཆིས།

    འཛིན་གྲྭའི་ནང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ནང་དོན་གཙོ་བོ་འཛིན་ཚོགས་ལ་ཁྱབ་པ་སྟེ། “2023ལོར་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.1%འཕར་བ་དང་དམངས་འཚོར་ཕན་པ་འདོགས་པ་དང་མི་སེམས་དྲོད་པའི་བྱ་ཐབས་དེ་བས་མང་བས་མི་དམངས་ཀྱི་དགོས་མཁོ་མཛེས་སྡུག་ལྡན་པའི་དངོས་ཡོད་ལ་གྱུར་ཡོད” སློབ་འགོ་ཚུགས་པའི་གཟའ་འཁོར་དང་པོར་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་སོགས་བརྗོད་དོན་གཙོ་བོར་བྱས་ཏེ་མིག་སྔའི་གླེང་མང་བའི་གནད་དོན་དང་ཟུང་འབྲེལ་གྱིས་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་མར་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ལྡན་པ་དང་སློབ་མས་རང་ཉིད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    སྔར་ནས་བཟུང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་སློབ་ཚན་གྱི་ནང་དོན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ། “ལོ་རྒྱུས་ལྔ”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་སོགས་ཀྱི་ནང་དོན་མང་པོ་ཡོད།

    “བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་ཚོགས་པ་དང་། བསམ་བློ་ཆབ་སྲིད་བསླབ་གཞི་ཡག་པོ་སྤྱོད་པ། ནང་དོན་གཏིང་ཟབ་མོ་དང་ཁ་གསལ་བརྗོད་པ། གསོན་ཉམས་དོད་པའི་དཔེ་མང་པོ་དྲངས་པ་སོགས་ལ་བརྟེན་ནས། སློབ་མས་སློབ་སྦྱོང་བྱེད་སེམས་ཆེ་རུ་གཏོང་དགོས་ལ། དེ་བས་ལག་ལེན་དང་གསར་གཏོད་བྱེད་པ་དང་། རིན་ཐང་རང་བཞིན་དང་། ཤེས་བྱའི་རང་བཞིན། རིགས་གཞུང་རང་བཞིན། ལག་ལེན་རང་བཞིན་བཅས་གཅིག་གྱུར་ཡོང་བ་བྱས་ནས་ལག་ལེན་ཁྲོད་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣོད་བསྟུན་སློབ་ཁྲིད་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བློ་སྦྱོང་ལ་བརྟེན་ནས་མི་གསར་གསོ་སྐྱོང་བྱེད་དགོས”ཞེས་སློབ་མ་དང་མཉམ་དུ་བསམ་བློ་ཆབ་སྲིད་སློབ་ཚན་ཉན་རྗེས། བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁའེ་ཡིས་དེ་ལྟར་བརྗོད་པ་རེད།

    སློབ་དུས་གསར་པ་དང་། རྒྱང་ལམ་གསར་པ། དམིགས་ཚད་གསར་པ། རེ་བ་གསར་པ། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལ་དམིགས་པ་བཅས་བྱས་ཏེ་རྒྱ་ཆེའི་གཞོན་ནུ་སློབ་མས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་འབུལ་བར་ཁྲིད་སྟོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།