དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • གྲོང་གསེབ་སློབ་གྲྭར་དགེ་རྒན་བྱས་ནས་ལོ་30སོང་བའི་རྒན་དོན་གྲུབ་ཀྱིས་བརྗོད་དོན།

    ཏང་གི་བཀའ་དྲིན་ལས་རི་ཁུག་གི་ཕྲུ་གུ་སློབ་གྲྭ་ཡག་པོར་འགྲོ་ཐུབ་པ་བྱུང་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-25

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་གི་སློབ་གསོའི་བྱ་གཞག་མེད་པ་ནས་ཡོད་པའི་དཔང་པོ་མཁན་དང་། དངོས་སུ་བརྒྱུད་མྱོང་མཁན། དེའི་ནང་ཞུགས་མཁན་བཅས་ཡིན་པའི་འདི་ལོ་ལོ་65ལ་སླེབས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དོན་གྲུབ་ཀྱིས་རྩ་རི་ཤང་ཆ་ཚང་སློབ་ཆུང་འཛུགས་སྐྲུན་ནང་ཞུགས་ཏེ། གཞི་རིམ་གྱི་སློབ་གསོའི་བྱ་གཞག་ལ་ལོ་བཅུ་གྲངས་ཁ་ཤས་རིང་ཧུར་ཐག་གཞོལ་ནས། ཚེ་གང་གི་སེམས་ནུས་མེས་རྒྱལ་མཐའ་མཚམས་ཀྱི་གཞི་རིམ་གྱི་སློབ་གསོའི་བྱ་གཞག་ལ་ཕུལ་བ་རེད། 2016ལོར་དོན་གྲུབ་ལ་སློབ་གསོ་པུས་སྤྲད་པའི“གྲོང་གསེབ་སློབ་གྲྭར་དགེ་རྒན་བྱས་ནས་ལོ་ངོ་30འཁོར་བའི”གཟི་བརྗིད་ལག་ཁྱེར་ཐོབ་པ་རེད།

    དུས་ཡུན་རིང་པོའི་ནང་རྩ་རི་ཤང་གི་མཛེས་ལྗོངས་ལྟ་ན་སྡུག་པ་དང་གནམ་གཤིས་ཡག་པོ་ཡོད་པས་ཉེ་རིང་གང་སར་སྐད་གྲགས་ཆོད་མོད། འོན་ཀྱང་དེ་གའི་ས་བབ་ཀྱི་གནས་ཡུལ་ལུང་ཁུག་དང་འགྲོ་ལམ་ཀྱག་ཀྱོག་ཡིན་པས་རྩ་རི་ཤང་གི་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་ཕོག་ཡོད། “འགྲིམ་འགྲུལ་སྟབས་མི་བདེ་བ་དང་རྗེས་ལུས”ནི་སྐབས་དེ་དུས་མི་རྣམས་ཀྱིས་རྩ་རི་ཤང་ལ་བཞག་པའི་བག་ཆགས་ཤིག་རེད།

    “ད་ཆ་རྩ་རི་ཤང་གི་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཁྱིམ་ཚང་ཚང་མ་བོད་བཟོའི་ཁང་པ་གསར་པར་སྤོས་པ་མ་ཟད། ཐ་ན་གྲོང་ཚོར་ཡང་སྨན་ཁང་དང་སློབ་གྲྭ་ཡོད་པས་ང་ཚོའི་འཚོ་བ་ནི‘ཏང་གི་འོད་སྟོང་མཐའ་མཚམས་ཕྱོགས་སུ་འཕྲོ’ཞེས་པ་ལྟར་རེད”ཅེས་ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོས་དེ་ལྟར་བརྗོད།

    རང་ཉིད་ཀྱི་བྱིས་པའི་དུས་སྐབས་ལ་ཕྱིར་དྲན་བྱེད་སྐབས་དོན་གྲུབ་ཀྱིས་སྐབས་དེ་དུས་གྲོང་ཚོའི་ནང་ཡི་གེ་ཤེས་མཁན་ཧ་ལམ་མེད་པ་དང་། རྒན་རབས་ཚོ་བོད་རྙིང་པར་འཚོ་བ་སྐྱེལ་གྱི་ཡོད་པས་ཉིན་ལྟར་འཚོ་གནས་ཀྱི་ཆེད་དཀའ་སྡུག་ཚད་མེད་མྱོང་དགོས་ཀྱི་ཡོད། འོན་ཀྱང་རང་ཉིད་ཀྱི་མི་རབས་འདིར་བོད་གསར་པའི་འཚོ་བ་སྐྱེལ་འགོ་ཚུགས་ནས་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཐོབ་བྱུང་ཞེས་གསར་འགོད་པར་བཤད། 1974ལོར་རང་ཉིད་རྩ་རི་ཤང་གི་སློབ་ཁྲིད་ས་ཚིགས་སུ་ལོ་གཉིས་སློབ་སྦྱོང་བྱས་པ་དང་ཕྱིས་སུ་ཏང་རྩ་འཛུགས་ཀྱི་རྒྱབ་སྐྱོར་དང་སྐུལ་ལྕག་འོག ཕ་མ་དང་མཉམ་དུ་སྣང་རྫོང་དུ་དམའ་རིམ་སློབ་འབྲིང་འགྲིམ་པར་ཕྱིན། དམའ་རིམ་སློབ་འབྲིང་ཐོན་རྗེས་རྩ་རི་ཤང་གི་སློབ་ཁྲིད་ས་ཚིགས་སུ་ལོག་ནས་ཚབ་ཁྲིད་དགེ་རྒན་ཞིག་བྱས་པ་ཡིན་ཞེས་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།

    “སློབ་ཁྲིད་ས་ཚིགས་བཙུགས་མ་ཐག ཚབ་ཁྲིད་དགེ་རྒན་གཉིས་དང་སློབ་མ་ཁ་ཤས་ལས་མེད་པས་དགེ་རྒན་གཉིས་ཀྱིས་ཉིན་ལྟར་རེས་མོས་ངང་སློབ་མར་ཨང་རྩིས་དང་བོད་ཡིག་སློབ་ཚན་ཁྲིད་ཀྱི་ཡོད”1983ལོར་སླེབས་སྐབས་སློབ་གྲྭར་ཡོང་མཁན་ཕྲུ་གུ་ཇེ་མང་དུ་སོང་བར་བརྟེན། སློབ་ཁྲིད་ཀྱི་ཆ་རྐྱེན་དང་སྤུས་ཚད་ལེགས་སུ་གཏོང་ཆེད། དོན་གྲུབ་ཀྱིས་ལྷུན་རྩེ་རྫོང་སྲིད་གཞུང་ལ་དངོས་གཞིའི་སློབ་ཆུང་འཛུགས་རྒྱུའི་རེ་ཞུ་བྱས་པས་ལྷུན་རྩེ་རྫོང་སྲིད་གཞུང་གིས་མགྱོགས་མྱུར་མ་དངུལ་བཏང་ནས་རྩ་རི་ཤང་ཆ་ཚང་སློབ་ཆུང་བསྐྲུན་རྒྱུའི་ཐག་བཅད་པ་རེད་ཅེས་དོན་གྲུབ་ཀྱིས་བཤད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

    སྐབས་དེ་དུས་དོན་གྲུབ་ཀྱིས་སློབ་ཁྲིད་ཀྱི་ཞོར་དུ་སློབ་གྲྭ་གསར་པའི་གནས་ཡུལ་འདེམས་པ་དང་ཇུས་འགོད་ནང་ཞུགས། ལོ་གསུམ་ལྷག་ཙམ་བསྐྲུན་པ་བརྒྱུད་1986ལོར་རྩ་རི་ཤང་ཆ་ཚང་སློབ་ཆུང་དངོས་སུ་བཙུགས། “གསར་དུ་བསྐྲུན་པའི་ཆ་ཚང་སློབ་ཆུང་དུ་དགེ་རྒན་6ཡོད་པ་མ་ཟད། ད་དུང་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་ཡོད་པས་ཕྲུ་གུ་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་གསར་པའི་ནང་སྤོ་རྒྱུ་བྱུང་བ་རེད”ཅེས་དོན་གྲུབ་ཀྱིས་བཤད།

    “ཀྲུང་གོ་གུང་ཁྲན་ཏང་གིས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་བ་དང་ཏང་གི་བཀའ་དྲིན་འོག ས་མཐོའི་རི་ཁུག་གི་ཕྲུ་གུ་ཚང་མ་སློབ་གྲྭར་འགྲོ་ཐུབ་པ་དང་སློབ་གྲྭ་ཡག་པོར་འགྲོ་ཐུབ་པ་བྱུང་བས། དུས་རབས་གསར་པར་ཁོང་ཚོའི་མི་ཚེའི་རིན་ཐང་གཞི་ནས་མངོན་འགྱུར་བྱུང་ཡོད”ལོ་མང་རིང་དོན་གྲུབ་ཀྱིས་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་ཕྲུ་གུ་ཚོ་ལུང་ཁུག་ནས་ཐོན་ཏེ་ཡངས་ཤིང་རྒྱ་ཆེ་བའི་ས་ཆར་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་སྐུལ་ལྕག་བྱེད་ཀྱི་ཡོད། ཁོང་གིས་སློབ་གསོར་མཐའ་གཅིག་ཏུ་གཙིགས་ཆེན་བྱས་པར་བརྟེན་གྲོང་མི་མང་པོ་ཞིག་གིས་ཀྱང་ཕྲུ་གུ་ཚོའི་སློབ་གསོར་རིམ་གྱིས་མཐོང་ཆེན་བྱས་ནས་སློབ་གྲྭ་མཐར་ཕྱིན་པརརྒྱབ་སྐྱོར་བྱེད་ཀྱི་ཡོད།

    1995ལོར་དོན་གྲུབ་ཀྱི་སློབ་ཕྲུག་ཚོ་ལྗོངས་ཕྱིའི་སློབ་གྲྭར་རྒྱུགས་འཕྲོད་ནས་རྩ་རི་ཤང་གི་ལྗོངས་ཕྱིའི་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་མ་དང་པོར་གྱུར་པ་དང་། ཕྱིས་སུ་རྩ་རི་ཤང་གི་སློབ་གྲྭ་ཆེ་མོ་བ་དང་པོ་དེར་ཡང་གྱུར། གནས་ཚུལ་དེ་ཤང་ནས་ཤེས་རྗེས་ཡུལ་མི་ཚོར་ཕྲུ་གུ་སློབ་གྲྭར་སྐྱེལ་དགོས་པའི་སྐུལ་མ་ཤུགས་ཆེན་བྱས། “ད་ཆ་རྩ་རི་ཤང་ཡོངས་སུ་སློབ་གྲྭ་ཆེ་མོ་བ་བརྒྱ་ལྷག་ཙམ་ཡོད་ཅིང་། ཁོང་ཚོས་བོད་ཀྱི་ས་ཕྱོགས་གང་སར་ཕ་ཡུལ་བསྐྲུན་ཞིང་། ལ་ལས་རྩ་རིར་ལོག་ནས་ལས་གཏོད་བྱས་ཏེ་ཕ་ཡུལ་གྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཁོང་ཚོ་ནི་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་བའི་དཔང་རྟགས་ཡག་ཤོས་དེ་རེད”ཅེས་དོན་གྲུབ་ཀྱིས་བཤད།

    མིག་སྔར་རྩ་རི་ཤང་ཆ་ཚང་སློབ་ཆུང་དུ་དགེ་རྒན་14དང་སློབ་མ་197ཡོད་ཅིང་། སློབ་ཁང་དང་། ཉལ་ཁང་། ལུས་རྩལ་ཐང་། དཔེ་མཛོད་ཁང་། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་བཅས་ཆ་ཚང་པོ་ཡོད་པ་རེད།

    “ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོ་མི་རབས་འདིར་ཚེ་སྲོག་གསར་པ་སྦྱིན་པ་དང་ང་ཚོའི་མི་རབས་རྗེས་མ་སྒྱུར་བཅོས་འཕེལ་རྒྱས་ཁྲོད་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད། ད་ཆའི་ཐོབ་པར་དཀའ་བའི་འཚོ་བ་ཡག་པོ་དེར་ང་ཚོས་གཅེས་སྤྲས་ཡག་པོ་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཚེ་འབྱུང་འགྱུར་གྱི་འཚོ་བ་དེ་བས་ཡག་ཏུ་འགྲོ་ངེས་རེད”ཅེས་དོན་གྲུབ་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།