དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-23

    ཚེས་21ཉིན། བོད་ལྗོངས་སློབ་ཆེན་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག“རླབས་ཆེན་གྱི་མཆོང་སྐྱོད། ཉམས་པ་མེད་པའི་མཛད་རྗེས་རྡོ་རིང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་པ་ནི་འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65ཡི་རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65ཡི་རིང་བོད་ལྗོངས་སློབ་ཆེན་གྱི་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་པ། ལོ་རྒྱུས་ལ་དྲན་གསོ་ཡག་ཤོས་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་ཡིན་པ་བཅས་ཕྱོགས་བཞིའི་ཐད་ལ་དམིགས་ནས་སྒྲོག་འགྲེལ་གནང་བ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག་གཞོན་ནུ་མི་རབས་ལ་ཕུགས་བསམ་དང་། འཇོན་ཐང་། འགན་འཁྲི་བཅས་ཡོད་ན་རྒྱལ་ཁབ་ལ་མདུན་ལམ་ཡོད་པ་དང་མི་རིགས་ལ་རེ་བ་ཡང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་མ་འོངས་པའི་རྒྱུན་འཛིན་པ་དང་འཛུགས་སྐྲུན་པ་ཞིག་ཡིན་པའི་ངོས་ནས་རྒྱ་ཆེའི་དགེ་སློབ་ལས་བྱེད་ཚོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། དེང་སྐབས་ལ་གཅེས་སྤྲས་བྱེད་པ། འབྱུང་འགྱུར་ལ་འབད་འཐབ་བྱེད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། ཕུཌ་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་བཀྲག་མདངས་འཚེར་བར་བྱེད་དགོས་ཅེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།