དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གླིང་ཐོག་མ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-23

    ཉེ་ཆར། གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་གི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཉེར་བ་དེ་ཐོག་ནས་གཞིས་རྩེར་མི་རིང་བར་མཐོ་རིམ་སློབ་གླིང་ཐོག་མ་ཡོད་པ་མཚོན་ཞིང་། རྣམ་གྲངས་དེ་སྔོན་དཔག་བྱས་ན་2025ལོའི་ཟླ་7པར་ལས་མཇུག་འགྲིལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་དེ་བསྐྲུན་རྗེས། ཞག་སྡོད་སློབ་མ་2400ཡི་སློབ་སྦྱོང་དང་འཚོ་བའི་དགོས་མཁོ་བསྐང་ཐུབ་རྒྱུ་རེད།

    གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་མ་བསྡུ་ཐེངས་དང་པོར། བོད་ལུགས་གསོ་བ་རིག་པ་དང་། ནད་སྐྱོང་རིག་པ། བུ་བཅོལ་གྱི་ཞབས་ཞུ་དང་དོ་དམ། དེང་རབས་ཞིང་ལས་ལག་རྩལ། དེང་རབས་ཟོག་འགྲེམས་དོ་དམ། རླངས་འཁོར་ཞིབ་བཤེར་དང་ཉམས་བཟོ་ལག་རྩལ་བཅས་ཀྱི་ཆེད་ལས་ཁག་6བཀོད་སྒྲིག་བྱས་ཏེ། སློབ་མ་800ཙམ་བསྡུ་བའི་འཆར་གཞི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།