དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཧྭ་ཏེ་སྨི་ཡིས་གསུངས་དོན།

    བྱིས་པའི་འདུས་འདྲིལ་གཅོང་ནད་སྔོན་འགོག་གི་སྨན་ལས་སྣོན་ཞིབ་སྤེལ་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

    འདི་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྭ་ཏེ་སྨི་ཡིན་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བདེ་ཐང་ཡོང་བ་བྱེད་པ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་འཇོག་དགོས་པའི་ནན་བཤད་གནང་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་ངའི་ལས་ཀའི་དོན་གཉེར་བྱ་ཡུལ་ཞིག་ཡིན། ང་ནི་སྨན་ཁང་གི་དོ་དམ་པ་ཞིག་ཡིན་ལ་ནད་ཐོག་སྨན་པ་ཞིག་ཀྱང་ཡིན་པས། ལས་ཀ་ནི་མི་དམངས་མང་ཚོགས་ལ་བདེ་ཐང་ཡོང་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆེ་རུ་གཏོང་རྒྱུ་དེ་ཡིན”ཞེས་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་གཞོན་པ་ཧྭ་ཏེ་སྨིས་དེ་ལྟར་གསུངས།

    ཉེ་བའི་ལོ་ཤས་རིང་། ཧྭ་ཏེ་སྨིས་སྨན་ཁང་གི་སྨན་གཡོག་ཚོགས་པར་ཁག་བགོས་དོ་དམ་གནང་བ་དང་དུས་མཚུངས་སྔ་ཕྱི་བར་གསུམ་དུ་ནད་ཐོག་གི་འཐབ་ས་དང་པོར་ཕྱག་ལས་གནང་གི་ཡོད། “ཉེ་བའི་ལོ་ཤས་རིང་། འདུས་འདྲིལ་གཅོང་ནད་བརྟག་དཔྱད་དང་སྨན་བཅོས་ཀྱི་ལག་རྩལ་ཧ་ཅང་ཡག་ཏུ་ཕྱིན་ནའང་ནད་ཐོག་སྨན་བཅོས་བྱེད་རིང་འདུས་འདྲིལ་གཅོང་ནད་ཕོག་པའི་བྱིས་པ་མཐོང་ན་སྙིང་རྗེ་གི་འདུག གང་ལགས་ཤེ་ན། ཚོར་སྣང་སྐྱེན་པོའི་རིགས་ཀྱི་འདུས་འདྲིལ་གཅོང་ནད་ཕོག་མཁན་ཕྲུ་གུ་ཡིན་རུང་མི་རྣམས་ལ་སེམས་ཁྲལ་ཆེན་པོ་བཟོ་བས་ཡིན”ཞེས་ཧྭ་ཏེ་སྨིས་གསུངས།

    ཀུན་གྱིས་ཤེས་གསལ་ལྟར། འདུས་འདྲིལ་གཅོང་ནད་ནི་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་འགོ་ནད་ཚབས་ཆེན་གྱི་གྲས་ཤིག་ཡིན། དེ་ནི་བྱིས་པར་འགོ་སླ་བ་མ་ཟད། ནད་རྟགས་དཔེ་མཚོན་དེ་ཙམ་མེད་པས་ནད་གཞི་ལྕི་བའི་ནད་དཔེ་ཐོན་ཚད་དར་མ་ལས་མང་བ་ཡོད། “སྨན་བཅོས་ཀྱི་ཇུས་གཞི་ཡང་དག་ལ་བརྟེན་ནས་ཚོར་སྣང་སྐྱེན་པོའི་རིགས་དང་སྨན་དྲེད་ཀྱི་བྱིས་པའི་འདུས་འདྲིལ་གཅོང་ནད་སྨན་བཅོས་ཐུབ་ཚད་92%དང་80%སོ་སོར་ཟིན་པས་དྲག་སྐྱེད་ཐུབ་ཚད་ཧ་ཅང་མཐོ་པོ་ཡིན། བྱིས་པ་ནི་ཁྱིམ་ཚང་དང་མེས་རྒྱལ་གྱི་མ་འོངས་པ་ཡིན་པས། འདི་ལོའི་ཚོགས་འདུ་གཉིས་ལ་ངས་བྱིས་པར་འཕྲོད་པའི་འདུས་འདྲིལ་གཅོང་ནད་སྔོན་འགོག་གི་སྨན་ལས་སྣོན་ཞིབ་སྤེལ་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པས། དེས་རང་རྒྱལ་གྱི་འདུས་འདྲིལ་གཅོང་ནད་ཕོག་མཁན་བྱིས་པའི་སྨན་དྲེད་ཚད་དང་འཆི་ཚད་དམའ་རུ་ནུས་ལྡན་ཕྱིན་ནས་སྨན་བཅོས་ཐུབ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་ཧྭ་ཏེ་སྨིས་གསུངས།

    “གསོ་རིག་གི་ཞིབ་འཇུག་ལམ་བུ་ནི་རིང་བས། འདུས་འདྲིལ་གཅོང་ནད་སྨན་བཅོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སློབ་སྦྱོང་དང་ཞིབ་འཇུག་ཟམ་མི་ཆད་པར་བྱེད་དགོས། ངས་འབད་བརྩོན་ལྷོད་མེད་བྱས་ཏེ་མི་དམངས་ཀྱི་བདེ་ཐང་སྲུང་མཁན་ཞིག་དང་ནད་པའི་སེམས་པ་ཤེས་མཁན་ཞིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཞིག་གི་ཐབས་འདོན་ཇུས་འབུལ་གྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུ་ཡིན”ཞེས་ཧྭ་ཏེ་སྨིས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།