ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་གིས།
ཚན་རྩལ་དང་ཚན་རིག་ཁྱབ་གདལ་བཏང་ནས་ཐོན་ལས་འབབ་འཕར་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་གིས་རང་བྱུང་ཁོར་ཡུག་དང་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་ཡག་པོ་བཏང་བའི་ཁར། ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་དང་གསོ་སྤེལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ཚན་རྩལ་དང་ཚན་རིག་ཁྱབ་གདལ་དང་བླངས་ཞབས་ཞུའི་རུ་ཁག་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཤང་ཡོངས་ཀྱི་བཟའ་བྱའི་ཤ་མོའི་རིགས་འདེབས་འཛུགས་དང་། འབྲི་གཡག་གསོ་སྤེལ། བོད་སྨན་གྱི་སྨན་རྩ་འདེབས་འཛུགས་སོགས་ལ་ལག་རྩལ་མཛུབ་ཁྲིད་བྱས་ཏེ། ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཐོན་ལས་འབབ་འཕར་ལ་སྐུལ་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི“མདུན་སྐྱོད་གླུ་དབྱངས”བླངས་པ་རེད།
གཞན་ཡང་། ཚན་རྩལ་དང་ཚན་རིག་ཁྱབ་གདལ་དང་བླངས་ཞབས་ཞུའི་རུ་ཁག་གིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་སྨན་རྩིས་ཁང་སོགས་ཚན་རིག་ཞིབ་འཇུག་ཚན་པ་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཤིང་། ས་ཡུལ་དངོས་སུ་གསོ་སྦྱོང་དང་། ལྟ་སྐོར་སློབ་སྦྱོང་། ལག་ལེན་སྦྱོང་བརྡར་སོཌ་ཀྱི་རྣམ་པའི་ཐོག་ནས་འདེབས་འཛུགས་དུད་ཚང་གི་ལག་རྩལ་ཆུ་ཚད་མཐོ་རུ་བཏང་བ་རེད།