དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ལྗོངས་ཀྱིས“བྱ་སྤྱོད་ཁག་བརྒྱད”ལ་བརྟེན་ནས“དམིགས་པ་ལྔའི”བླང་བྱ་དོན་འཁྱོལ་བྱས་པ།

    སྨན་བཅོས་འཕྲོད་བསྟེན་གྱི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-08

    ཉེ་ཆར། གསར་འགོད་པས་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་དང“བྱ་སྤྱོད་ཁག་བརྒྱད”ལ་བརྟེན་ནས“དམིགས་པ་ལྔའི”བླང་བྱ་དོན་འཁྱོལ་བྱས་ནས་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་རོགས་སྐྱོར་བྱ་ཡུལ་སྨན་ཁང་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བྱ་སྤྱོད་སྤེལ་ཞིང་། “ལྟེ་གནས་ཆེ་གྲས་ལྔ”འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས“སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལྔར”སྐུལ་འདེད་བཏང་བ་དང་། གཙོ་གནད་རྫོང་སྨན་ཁང་13གྱི་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྨན་ཁང་གི་དོ་དམ་ཆུ་ཚད་མཐོ་རུ་བཏང་བ། ཤེས་ལྡན་པ་གསོ་སྐྱོང་དང་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་པའི་གསོ་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། རིམ་གསུམ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་རྫོང་གི་སྨན་ཁང་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་བཏང་ཡོད།

    མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པ”འཛུགས་གཏོད་ཀྱི་བྱ་སྤྱོད་སྤེལ་ཞིང་། མངའ་རིས་ས་ཁུལ་གྱི་དོས་དྲག་ཐོག་བརྩེགས་ཁང་ཆེན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱེད་པར་མཛུབ་ཁྲིད་ཀྱིས་བོད་སྐྱོར་ཞིང་ཆེན་དང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཚན་པའི་རྒྱབ་སྐྱོར་བྱེད་ཤུགས་དེ་བས་ཆེ་བ་བརྩོན་ལེན་བྱས་ཏེ་རིག་ཚན་དང་ཆེད་ལས་ཚན་ཁག་གི་མ་ལག་འཐུས་སྒོ་ཚང་དུ་དང་ལེགས་སུ་གཏོང་བ་དང་། སྨན་ཁང་ནང་ཁུལ་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྨན་ཁང་གི་དོ་དམ་ཆུ་ཚད་གཙོ་གནད་ཐོག་མཐོ་རུ་གཏོང་བ་བཅས་བྱས་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་གཟུགས་གཞི་བདེ་ཐང་གི་བརྟག་དཔྱད་བྱ་སྤྱོད་སྤེལ་ཞིང་། ལོ་65ཡན་གྱི་རྒན་རྒོན་གྱི་གཟུགས་པོ་བརྟག་དཔྱད་ཀྱི་མི་རེའི་ཆ་སྙོམས་ཚད་གཞི་སླར་ཡང་སྒོར་36མཐོ་རུ་བཏང་ནས་མ་དངུལ་དོ་དམ་གྱི་ཞིབ་སྲོལ་བཟོས་པ་དང་འབྲེལ་ལག་བསྟར་ནན་པོ་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཇུས་གཞི་གཞིར་བཟུང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར(ས་ཁུལ)ཁག་དང་རྫོང(ཆུས་དང་གྲོང་ཁྱེར)ཁག་གིས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོས་ཏེ་གཙོ་གནད་མི་ཚོགས་ཀྱི་གཟུགས་པོ་བརྟག་དཔྱད་ལོ་ལྟར་ཁྱོན་ཡོངས་ལ་ཁྱབ་པའི་རྨང་གཞིའི་ཐོག་དེ་བྱིངས་མི་ཚོགས་ལ“བརྟག་དཔྱད་བྱེད་འདོད་ཡོད་རིགས་ལ་བརྟག་དཔྱད་གང་ཐུབ”བྱས་ཡོད། བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)གྱི་གཟུགས་པོ་བརྟག་དཔྱད་ཀྱི་ལག་རྩལ་མཛུབ་ཁྲིད་ལྟེ་གནས་བཙུགས་ནས། གཟུགས་པོ་བརྟག་དཔྱད་ཀྱི་རྣམ་གྲངས་ཞིབ་ཕྲ་བཟོ་བ་དང་ལེགས་སུ་བཏང་སྟེ་རིམ་གསུམ་གྱི་སྤུས་ཚད་ཚོད་འཛིན་མ་ལག་བཙུགས་ནས་གློག་རྡུལ་བདེ་ཐང་ཡིག་ཚགས་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ། མི་སྒེར་ལ་ཕྱོགས་ནས་བདེ་ཐང་བརྟག་དཔྱད་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་ནད་གཞི“སྔ་ཙམ་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས”བཅས་ཐུབ་པར་བྱས་ཡོད།

    ཐུམ་འབུའི་ནད་འགོག་བཅོས་དང་། སྲ་བརྟན། རིམ་སྤོར་བཅས་ཀྱི་བྱ་སྤྱོད་སྤེལ་ཞིང་། སྡེ་ཚན་མང་པོས་མཉམ་འགོག་མཉམ་བཅོས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་སྲ་བརྟན་དུ་བཏང་ནས་ཞིང་འབྲོག་དང་ཆུ་བེད་སོགས་སྡེ་ཚན་དང་མཉམ་དུ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་ཆ་འཕྲིན་བརྡ་ཁྱབ་གཏོང་རྒྱུར་ཤུགས་སྣོན་དང་། ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན། ནད་པ་མུ་མཐུད་སྐྱོབ་བཅོས་ཡག་པོ་བཅས་བྱས་པས་ཐུམ་འབུའི་ནད་སྐབས་བསྟུན་གཙང་བཟོ་ཐུབ་ཡོད།

    གྲུམ་བུ་ཚིགས་ཆེན་གྱི་ནད་འགོག་བཅོས་དང་། སྲ་བརྟན། རིམ་སྤོར་བཅས་ཀྱི་བྱ་སྤྱོད་སྤེལ་ཞིང་། སྐྱོབ་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས་ལ་འགྱུར་ལྡོག་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་ཚང་མར་སྐྱོབ་བཅོས་དོ་དམ་ནུས་ལྡན་གྱིས་ནད་དཔེ་གསར་པ་མི་ཐོན་པའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་པ་དང་། གྲོང་ཁྱེར(ས་ཁུལ)དང་གཙོ་གནད་རྫོང་ཁག་གཅིག་གི་རུས་ནད་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པས། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གཉིས་དམིགས་འཛུགས་སྨན་ཁང་གི་ཚད་གཞིར་སླེབས་ཡོད།

    ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་སྐྱོབ་བཅོས་ཀྱི་བྱ་སྤྱོད་སྤེལ་ཞིང་། “ནད་དཔེ་གཅིག་ཤེས་རྟོགས་ཐུབ་ན་དེ་སྐྱོབ་བཅོས་བྱེད་པའི”རྩ་དོན་གཞིར་བཟུང་། གཤགས་བཅོས་ཀྱི་འཚམ་འཕྲོས་རང་བཞིན་དང་མཐུན་པ་དང་གཤགས་བཅོས་བྱེད་འདོད་ཡོད་པའི་ནད་པ་100%སྐྱོབ་བཅོས་བྱས་པ་དང་། “བོད་ལྗོངས་ནང་ཁུལ་དུ་སྐྱོབ་བཅོས་བྱེད་ཐུབ་རིགས་བོད་ལྗོངས་ནང་ཁུལ་དུ་སྐྱོབ་བཅོས་བྱེད་དགོས་པའི”བླང་བྱ་དོན་འཁྱོལ་བྱས་ནས་བོད་ལྗོངས་ནང་ཁུལ་དུ་སྐྱོབ་བཅོས་བྱེད་ནུས་ཆེ་རུ་བཏང་སྟེ། རྨང་གཞི་ཅུང་ལེགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྨན་ཁང་ལ་ལྷན་སྐྱེས་སྙིང་ནད་སྨན་བཅོས་བྱེད་པའི་ནུས་པ་གང་མགྱོགས་ལྡན་པར་སྐུལ་འདེད་བཏང་ཡོད།

    སྐྱ་གྲིབ་སྐྱོབ་བཅོས་ཀྱི་བྱ་སྤྱོད་སྤེལ་ཞིང་། ལོ་65ཡན་གྱི་གཙོ་གནད་མི་ཚོགས་ལ་གྲལ་བཤེར་བྱས་ནས་སྐྱོབ་བཅོས་ཀྱི་རྩིས་ཁྲ་བཟོས་པ་དང་། ཀྲུང་ལུགས(བོད་ལུགས)དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ལེགས་ཆ་བཏོན་ནས་ལྗོངས་ནང་ཁུལ་གྱི་སྐྱོབ་བཅོས་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་ཁྱེར(ས་ཁུལ)བདུན་གྱི་སྨན་ཁང་དང་། རྫོང་རིམ་པའི་གཙོ་གནད་སྨན་ཁང་། དེ་བཞིན་རིམ་གསུམ་ཡན་གྱི་སྨན་རྩིས་ཁང་བཅས་སུ་སྐྱ་གྲིབ་གཤགས་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད།

    རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞིའི་བྱ་སྤྱོད་སྤེལ་ཞིང་། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གྱིས་བྱིས་པ་དང་སློབ་མའི་འཚོ་བཅུད་ལེགས་གཏོང་བྱ་སྤྱོད་དང་ཧྥུའུ་ཉུང་བའི་ཇ་དང་ཏེན་ཚྭ་ཁྱབ་གདལ་གཏོང་བའི་བྱ་སྤྱོད་མུ་མཐུད་སྤེལ་ནས། “གཅིག་སྡུད་གཉིས”ཀྱི་སྒྲིག་གཞིའི་འཚོ་བཅུད་དོ་སྙོམས་དང་བཟའ་བཅའ་ལེགས་གཏོང་ལ་མཛུབ་ཁྲིད་ཀྱིས་འཚོ་བཅུད་ལ་ལྟ་ཞིབ་ཚད་ལེན་གྱི་བརྟག་དཔྱད་དང་། བཟའ་བཅའི་བདེ་འཇགས་ཉེན་ཁར་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ཏེ《ས་མཐོའི་ཁུལ་གྱི་ཡུལ་མིའི་བཟའ་བཅའི་ཕྱོགས་སྟོན》བཏོན་ནས་འཚོ་བཅུད་ལྡན་པའི་བཟའ་བཅར་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་འཚོ་བཅུད་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།