དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རང་ལྗོངས་ཀྱི་སྨན་ནུས་གཙོ་གནད་ཚོད་ལྟ་ཁང་ཐོག་མའི་སྒོ་བྱང་བཀལ་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-05

     ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་ནད་ཐོག་སྨན་ནུས་རིག་པའི་མཉམ་འབྲེལ་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་ནད་ཐོག་སྨན་ནུས་རིག་པའི་མཉམ་འབྲེལ་གཙོ་གནད་ཚོད་ལྟ་ཁང་ནི་བོད་རང་སྐྱོང་ལྗོངས་ཀྱི་སྨན་ནུས་གཙོ་གནད་ཚོད་ལྟ་ཁང་ཐོག་མ་དེ་ཡིན་པ་དང་། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་2021ལོ་ནས་བཟུང་སྐྲུན་འགོ་ཚུགས་པ་དང་2023ལོར་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། 2024ལོའི་ཟླ་1པོར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དུ་བསྐྲུན་ཡོད། ཚོད་ལྟ་ཁང་དེར་ཁྱོན་མ་དངུལ་སྒོར་ཁྲི་488བཏང་བ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་120ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།