དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱིས།

    སློབ་གསོའི་ཁོངས་གཏོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-10

     ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་2023ལོའི་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་ཀྱི་ལས་དོན་གྱི་གནས་ཚུལ་དང་དེ་བཞིན་སློབ་གྲྭའི་བདེ་འཇགས་ཞིབ་བཤེར་བྱས་འབྲས་བརྡ་ཁྱབ་བཏང་བ་དང་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་གྲལ་བཤེར་ལ་དམ་འཛིན་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་མེད་པར་བཟོ་བ་དང་། དྲིལ་བསྒྲགས་ལ་དམ་འཛིན་བྱས་ནས་མི་ཚང་མས་བདེ་འཇགས་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་པ། འགན་འཁྲིར་དམ་འཛིན་བྱས་ནས་སློབ་གྲྭའི་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། འགན་འཁུར་མཁན་ཡོད་པ་བཅས་བྱེད་པ། ལམ་སྲོལ་ལ་དམ་འཛིན་བྱས་ནས་སློབ་གྲྭའི་བརྟན་ལྷིང་དང་བདེ་འཇགས་ཀྱི་ལས་དོན་གྱི་འགོག་སྲུང་དྲ་བའི་ཚགས་དམ་དུ་གཏོང་བ། དགུན་ཁའི་གུང་གསེང་རིང་གྲུབ་འབྲས་སྟོན་ཕྱོགས་སུ་བཟུང་བར་་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཀྱིས་ལས་གནས་སུ་ལས་རེས་བྱེད་པ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་གྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། བདེ་འཇགས་དང་ཞི་མཐུན་གྱི་མི་སྐྱོང་ཁོར་ཡུག་ཅིག་མཉམ་དུ་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།