དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས།

    སློབ་གྲྭའི་ནང་གི་བརྙས་བཅོས་སྔོན་འགོག་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས་རུ་ཐོག་རྫོང་གི་ལོ་དགུའི་ལམ་ལུགས་སློབ་གྲྭའི་དགེ་སློབ་ཡོངས་ལ་སློབ་གྲྭའི་བརྙས་བཅོས་སྔོན་འགོག་སྐོར་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་བདེ་འཇགས་དང་། ཤེས་དཔལ། ཞི་མཐུན་བཅས་ཀྱི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་པ་རེད།

    “སློབ་གྲོགས་དབར་ལོ་ན་དང་། གཟུགས་པོའི་རྨང་གཞིའམ་ཡང་ན་མི་གྲངས་བཅས་ལ་ལེགས་ཆ་ལྡན་པའི་ཕྱོགས་དེས་རྐང་བཙུཌ་པའམ་ཡང་ན་བསམ་ངན་བཅངས་ཏེ། སློབ་གྲོཌ་གཞན་ལ་དབང་ཡོད་དང་བརྙས་བཅོས་བཤད་དེ་ལུས་ལ་གནོད་འཚེ་དང་། རྒྱུ་ནོར་ལ་གྱོང་གུན། སེམས་ལ་ཕོག་ཐུག་བཟོས་རིགས་ཚང་མ་སློབ་གྲྭའི་ནང་གི་བརྙས་བཅོས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད” བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་དང་ལུས་ཁམས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། གོ་བདེ་ཤེས་སླ་དང་གསོན་ཉམས་དོད་པོས་སློབ་གྲྭའི་ནང་གི་བརྙས་བཅོས་ཟེར་བ་གང་ཞིག་ལ་གོ་བ་དང་། སློབ་གྲྭའི་ནང་གི་བརྙས་བཅོས་ལྷག་དོན་དང་དེ་བཞིན་སློབ་གྲྭའི་ནང་གི་བརྙས་བཅོས་ཀྱི་གྲས་སུ་བྱ་སྤྱོད་གང་དང་གང་ཚུད་ཡོད་པ། སློབ་གྲྭའི་ནང་གི་བརྙས་བཅོས་ལ་ཁ་གཏད་ཡང་དག་ཇི་ལྟར་གཅོག་དགོས་པ་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ཉེ་འགྲམ་གྱི་མི་དང་དོན་དངོས་གནས་ཚུལ་དཔེར་བཞག་ནས་རྒྱ་ཆེའི་སློབ་མ་ཚོར་ཁྲིམས་སྦྱོང་བ་དང་། སྤྱོད་པ། ཁོང་དུ་ཆུད་པ་བཅས་བྱས་ནས་སློབ་གྲྭའི་བརྙས་བཅོས་རིགས་མ་བྱུང་སྔོན་འགོག་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།