དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་གིས།

    སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-13

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་མི་རིགས་སྡེ་ཁུལ་དང་བདེ་སྐྱིད་སྡེ་ཁུལ་གྱིས་བསམ་གྲུབ་རྩེ་ཆུས་མི་དམངས་སྨན་ཁང་དང་གྲོང་བྱང་འཕྲོད་བསྟེན་ཁང་དང་མཉམ་དུ“དུས་རབས་གསར་པ་དང་། རྒྱང་ལམ་གསར་པ། བྱ་གཞག་རླབས་པོ་ཆེ་གསར་པའི‘སྨན་སེམས’དམངས་ལ་འཆང་བ་དང་། བདེ་སྐྱིད་ལྡན་པའི་སྡེ་ཁུལ་མཉམ་དུ་སྐྲུན་པ”བརྗོད་དོན་གཙོ་བོར་བྱས་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

    འོས་འགན་སྨན་བཅོས་བྱ་ཡུལ་དུ་སྨན་དོན་པས་མང་ཚོགས་ལ་སྨན་རིན་མི་དགོས་པར་ཁྲག་ཤེད་དང་ཁྲག་མངར་བལྟས་ནས་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་མང་ཚོགས་ཀྱི་དོགས་གནད་བསལ་བ་དང་། སྨན་བཅོས་ཞབས་འདེགས་དང་། བདེ་ཐང་བློ་འདྲི། སྨན་ཟ་སྟངས་བཅས་ལ་མཛུབ་ཁྲིད་བྱས་པ། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་གཅོང་ནད་དང་ཁྲག་གར་བའི་ནད་པར་བདེ་ཐང་སྒྲོག་འགྲེལ་བྱས་པ། འབྲེལ་ཡོད་སྨན་སྤྲད་པ་སོགས་བརྒྱུད་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཁྲོམ་གཞུང་དེས་མུ་མཐུད་གྲོང་མིའི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ་རིམ་པ་མང་བ་དང་། སྣ་ཁ་མང་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་བདེ་ཐང་ཞབས་འདེགས་རྣམ་གྲངས་སྤེལ་ནས་དྲོ་སྐྱིད་ཚང་མར་སྦྱིན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཧུར་ཐག་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།