དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་བྱིས་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

     ཉེ་ཆར། བྱིས་པའི་མེ་ཟོན་བདེ་འཇགས་ཀྱི་དོགས་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། བྱིས་པའི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཟབ་ཏུ་གཏོང་བ། བྱིས་པའི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས“མེ་ཟོན་ལ་དོ་ཁུར་དང་བྱིས་པར་སྲུང་སྐྱོང”གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་བྱིས་པ་སྒྲིག་འཛུཌ་བྱས་ནས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་བྱིས་པར་མེ་ཟོན་རུ་མི་ཚོའི་ལས་དོན་དང་འཚོ་བ་ཇི་མ་ཇི་བཞིན་ཉམས་ལེན་དང་ས་ཆ་དངོས་སུ་མེ་ཟོན་ལས་དོན་གྱི་ཟིལ་རྔམ་ཉམས་ལེན་བྱེད་དུ་བཅུག་པ་རེད།

    དེ་དང་ཆབས་ཅིག་དགེ་རྒན་དང་བྱིས་པ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་རང་སྐྱོབ་རང་སྲུང་གི་འཇོན་ཐང་ཆེ་རུ་བཏང་ནས་མེ་སྐྱོན་ཐོན་སྐབས་བྱིས་པའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་གང་ཐུབ་ཡོང་ཆེད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་མེ་ཟོན་བདེ་འཇགས་ཀྱི་ནང་སྦྱོང་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཛ་དྲག་ཅིང་གོ་རིམ་ལྡན་པ་དང་། བཀའ་རྒྱ་མྱུར་ཞིང་ཡང་དག་པོས་གཏོང་བ། བྲོས་ས་ལུགས་དང་མཐུན་ཞིང་སྟབས་བདེ་བ་བཅས་ཡོད་ལ། བུ་བཅོལ་ཁང་གི་བྱིས་པ་རྣམས་དགེ་རྒན་གྱི་སྣེ་ཁྲིད་འོག་སྐར་མ་གཉིས་ལས་མ་འགོར་བར་དམིགས་འཛུགས་ཀྱི་བདེ་འཇགས་ས་ཆར་འབྱོར་ནས་ནང་སྦྱོང་ལ་གྲུབ་འབྲས་ཡག་པོ་ཐོབ་པ་རེད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་འགན་འཁུར་བས། ད་ཐེངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཁ་འགྲེམས་ནང་སྦྱོང་བྱས་པ་བརྒྱུད་བྱེད་སྒོ་དེ་སྔོན་དཔག་གི་དམིགས་ཚད་དུ་སླེབས་ནས་ཕན་འབྲས་བཟང་པོ་ཐོན་ཡོད། གོམ་སྟབས་རྗེས་མར་བུ་བཅོལ་ཁང་གིས་རྒྱུན་གཏན་གྱི་སློབ་ཁྲིད་སྐབས་མེ་ཟོན་ཤེས་བྱ་མུ་མཐུད་ཁྲིད་ནས་ཉེན་བརྡ་རྒྱུན་སྒྲོག་དང་། བདེ་འཇགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་མཐའ་འཁྱོངས། མེ་ཟོན་གྱི་འགན་འཁྲི་དོན་འཁྱོལ། བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བཅས་བྱས་ཏེ་བྱིས་པ་བདེ་འཇགས་དང་། བདེ་ཐང་། བདེ་སྐྱིད་བཅས་ཀྱི་སྒོ་ནས་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།