དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་ཁབ་བཟའ་བཅའ་བདེ་འཇགས་དཔེ་སྟོན་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

     ཟླ་11ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་གྲོང་ཁྱེར་36ལ“རྒྱལ་ཁབ་ཀྱི་བཟའ་བཅའ་བདེ་འཇགས་དཔེ་སྟོན་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་སྤྲད་ཅིང་། ཉིང་ཁྲི་གྲོང་ཁྱེར་རང་ལྗོངས་ཀྱི་དམིགས་བསལ་གྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྲོང་ཁྱེར་ཐོག་མ་དེར་གྱུར་པ་རེད།

    “རྒྱལ་ཁབ་ཀྱི་བཟའ་བཅའ་བདེ་འཇགས་དཔེ་སྟོན་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་དེ་གྲོང་ཁྱེར་གྱི་ཤེས་དཔལ་ཚད་གཞི་དང་དམངས་འཚོའི་བདེ་རྩ་མཚོན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། གྲོང་ཁྱེར་གྱི་བཟའ་བཅའ་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཚོན་པའི་གཟི་བརྗིད་མཚན་སྙན་ཆེ་ཤོས་དེའང་རེད། 2016ལོའི་ཟླ་དྲུག་པ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁབ་ཀྱི་བཟའ་བཅའ་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་ཁག་གསུམ་པར་བཅུག་ཚུན་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བཟའ་བཅའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“བཟའ་བཅའ་བདེ་འཇགས་ལྡན་པའི་ཉིང་ཁྲིའི”སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་འགན་འཁྲི་དང་། ལྟ་འདོམས། དྲིལ་བསྒྲགས། ནུས་པ་བཅས་འབྲེལ་ཐག་ཆེན་པོ་བཞི་ཧུར་ཐག་བཏོད་པ་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་བཟའ་བཅའ་འཐེན་བཤེར་མྱུར་བཤེར་ཚད་ལོན་ཚད་98%ཡན་རྒྱུན་འཁྱོངས་ཐུབ་པ་དང་། ཚད་གཞི་མ་ལོན་པའི་བཟའ་བཅའ་ཐག་གཅོད་བྱེད་ཚད་100%ཟིན་པ། བཟའ་བཅའ་གདེང་འཇོག་རང་བཞིན་གྱི་འཐེན་བཤེར་ཚད་ལོན་ཚད་98%ཡན་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། མཉམ་སྡེབ་རང་བཞིན་དང་དེ་བཞིན་བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་མེད་པ་དང་མང་ཚོགས་ཀྱིས་བཟའ་བཅའི་བདེ་འཇགས་ལ་བློ་ཡིད་ཚིམ་ཚད་ལོ་གཉིས་བསྟུད་མར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། བཟའ་བཅའི་བདེ་འཇགས་ལ་སྤྱི་དམངས་བློ་ཡིད་ཚིམ་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་བ་དང་བཟའ་བཅའི་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་དང་ལེགས་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།