དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བྱམས་སེམས་ཆེན་པོས་མང་ཚོགས་ཀྱི་བདེ་ཐང་བསྲུངས།

    ནག་ཆུ་གྲོང་ཁྱེར་སོག་རྫོང་མི་དམངས་སྨན་ཁང་གི་སྨན་པ་རེན་ཧྲི་ཀུའེ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

    རེན་ཧྲི་ཀུའེ་ནི་2013ལོར་ལེའོ་ཉིང་ཨན་ཧྲན་ནས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་སླེབས་ཏེ་བོད་སྐྱོར་སྨན་པ་ཞིག་ཏུ་གྱུར། ལོ་གསུམ་གྱི་བོད་སྐྱོར་བརྒྱུད་རིམ་ལས་ཁོང་གི་གངས་ལྗོངས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་ཡག་པོ་ཞིག་བྱེད་པའི་ཆོད་སེམས་དང་མུ་མཐུད་དེ་གའི་མང་ཚོགས་ལ་བྱ་བ་མང་ཙམ་སྒྲུབ་འདོད་ཀྱི་བསམ་བ་སྔར་བས་བརྟན་དུ་ཕྱིན། དེར་བརྟེན་ཁོང་གིས་བོད་དུ་ལས་སྒྱུར་གྱི་རེ་འདུན་ཞུས་ནས་ནག་ཆུ་གྲོང་ཁྱེར་སོག་རྫོང་མི་དམངས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་གཙོ་འགན་སྨན་པར་གྱུར་པ་དང་། མིག་སྔའི་བར་བོད་དུ་ལས་ཀ་བྱས་ནས་ལོ་10ཙམ་འདས།

    དུས་མཚུངས་ཏང་ཡོན་ཞིག་གི་ངོས་ནས། སྨན་པའི་ལས་ལ་ཞུགས་ནས་ལོ་30ལྷག་ཙམ་སོང་བའི་རེན་ཧྲི་ཀུའེ་ཡིས་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཞིང་། ལས་གནས་ལ་གཞི་ཚུགས་ཏེ་ལེགས་ཆ་འདོན་པ་དང་བརྒྱུད་རོགས་ཁྲིད་གསུམ་གྱི་ལས་དོན་ཡག་པོ་སྤེལ་ཏེ་ཆེད་ལས་ལག་རྩལ་སློབ་པ་དང་། འཇོན་ཐང་ཆེ་རུ་གཏོང་བའི་ཐད་རོགས་རམ། ཀུན་སྤྱོད་སློབ་གསོའི་ཐད་འཁྲིད་རོགས་བཅས་བྱས་ཏེ་བྱང་ཆུབ་པའི་སྨན་པའི་ལག་རྩལ་དང་ཏན་ཏིག་གི་ལས་ཀའི་རྣམ་འགྱུར་ལ་བརྟེན་ནས་ན་གཞོན་སྨན་པ་འཚར་ལོངས་མགྱོགས་མྱུར་ཡོང་བར་བྱས་ནས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱེད་རིང་མི་རིགས་མཐུན་སྒྲིལ་གྱི་སྙིང་དོན་མཚོན་པར་བྱས་པ་རེད།

    རེན་ཧྲི་ཀུའེ་ཡི་རོགས་རམ་འོག་ཡུལ་དེའི་སྨན་པའི་ལས་སྒོའི་ཆུ་ཚད་དང་། ལས་སྒོའི་ཤེས་བྱ། ལག་རྩལ་རྩལ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། གཤགས་བཅོས་ལག་རྩལ་འགའ་ཞིག་དེ་སྔ་ཆུ་ཚོད་གསུམ་ཙམ་འགོར་བ་ནས་ད་ཆ་སྐར་མ་20བར་ཐུང་དུ་ཕྱིན་ནས་སློབ་ལ་བརྩོན་པའི་དགེ་ཕྲུག་ཁག་གཅིག་སྐྱེད་སྲིང་ཐུབ་ཡོད།

    རེན་ཧྲི་ཀུའེ་ཡིས་སྲོག་སྐྱོབ་སྨན་བཅོས་བྱེད་པའིདུས་མཚུངས་སུ་ད་དུང་རིག་གཞུང་ཞིབ་འཇུག་ལ་བརྩོན་པ་ལྷུར་ལེན་བྱས་ཤིང་། གསོ་བ་རིག་པའི་ཐད་ཀྱི་ཞིབ་འཇུག་ལས་གཞི་འགངས་ཆེན་མང་པོ་ཞིག་རེ་འདུན་ཞུས་པ་དང་འབྲེལ་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོའང་ཐོབ་པ་རེད། ལས་ཀར་ཞུགས་ཚུན་རེན་ཧྲི་ཀུའེ་ཡིས་རྒྱལ་ཁབ་རིམ་པའི་གསོ་བ་རིག་པའི་དཔྱད་རྩོམ་20ལྷག་ཙམ་སྤེལ་བ་དང་། མིག་སྔར་བོད་ཀྱི་རིགས་གཅིག་མཁས་ཅན་མཛོད་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་། བོད་ཀྱི་སྨན་བཅོས་འགན་བཅོལ་སྤུས་ཚད་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན། བོད་རང་སྐྱོང་ལྗོངས་ཀྱི་རིག་གཞུང་ལག་རྩལ་གྱི་སྣེ་ཁྲིད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།