དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རུས་སོབ་ནད་ཚབས་ཆེན་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་དོ་དམ་བྱེད་ཁོངས་སུ་བཅུག་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-30

    ཉེ་ཆར། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས《རུས་སོབ་ནད་ཚབས་ཆེན་རང་ལྗོངས་ཀྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་དོ་དམ་བྱེད་ཁོངས་སུ་འཇུག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཤིང་། 《བརྡ་ཐོ》དེ་2023ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཡོད།

    《བརྡ་ཐོའི》ནང་བསྟན་དོན། རུས་སོབ་ནད་ཚབས་ཆེན་ལ་གཏན་འཁེལ་བྱས་པའི་རང་ལྗོངས་ཀྱི་འགན་བཅོལ་ལ་ཞུགས་པའི་ནད་པས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ནད་གཞི་བསྟེན་སྐབས། སྨན་བཅོས་འགན་བཅོལ་གཏོང་སྤྲོད་སྲིད་ཇུས་ཀྱི་ཁྱབ་ཁོངས་ལ་གཏོགས་པའི་སྨན་རྫས་དང་བརྟག་དཔྱད་སོགས་ཀྱི་སྨན་རིན་ལས་བཟོའམ་ཡང་ན་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཀྱི་འགན་ལེན་སྲིད་ཇུས་གཞིར་བཟུང་སྨན་རིན་རྩིས་ཞུ་བྱེད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།