དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་སྤྱི་སྐད་ཤོད་པ་དང་ཡི་གེ་ཚད་ལྡན་འབྲི་བའི་རྣམ་པ་བཟང་པོ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-29

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ཤང་དང་གྲོང་རྡལ་ཁག་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ཆུ་ཤུར་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བ། དྲིལ་བསྒྲགས་ལས་སྟེགས་སྣ་ཚོགས་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤང་དང་གྲོང་རྡལ་དུ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་སྟེ། དམངས་ཡོངས་ཀྱིས་སྤྱི་སྐད་ཤོད་པ་དང་ཡི་གེ་ཚད་ལྡན་འབྲི་བའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོས་གྲོང་ཚོ་ཨུ་ལྷན་སྒྲིག་འཛུགས་བྱས་ཏེ་LEDབརྙན་ཤེལ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་དྲིལ་བསྒྲགས་སྦྱར་ཡིག་རྒྱུན་མཐུད་ནས་བསྟན་པ་དང་འབྲེལ། ཚལ་སྣེ་ཤང་མངགས་གཏོང་ཁང་གི་ལས་དོན་པ་དུས་བཞི་བཀྲ་ཤིས་གྲོང་ཚོར་དྲ་རྒྱའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་པར་ཡང་གདན་དྲངས་པ་རེད། དེ་དང་ཆབས་ཅིག སྤྱི་སྐད་ཤོད་པའི་ཆུ་ཚད་མཐོ་རུ་དང་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་གཏོང་ཆེད། རྒྱ་ཆེའི་མང་ཚོགས་ཚོས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པར་སྐུལ་ལྕག་བཏང་བ་རེད། ཚ་རགས་ཤང་ཚ་རགས་གྲོང་ཚོས་ཆུ་ཤུར་རྫོང་ཨུད་ཏང་གི་སློབ་གྲྭ་དང་མཉམ་དུ་ཚ་རགས་གྲོང་ཚོའི་མང་ཚོགས་ལ་ས་གནས་ས་ཐོག་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་བརྙན་ཐུང་བསྟན་པ་དང་། དྲིལ་བསྒྲགས་དངོས་པོ་སྤྲོད་པ། སྤྱི་སྐད་ཀྱི་རྒྱུན་སྤྱོད་སྐད་ཆ་སྐབས་བསྟུན་ངང་འདྲི་བ་བཅས་ཀྱི་རྣམ་པའི་ཐོག་ནས་ས་གནས་ས་ཐོག་གི་མང་ཚོགས་དང་སྤེལ་རེས་བྱས་ཏེ་ཁོང་ཚོའི་ཤོད་སྟངས་མ་དག་པར་དཔེ་སྟོན་དང་ཡོ་བསྲང་བྱས་པ་དང་། བྱེད་སྒོར་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་སྤྱི་སྐད་ཡག་པོ་ཤོད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་རེད།

    ཆུ་ཤུར་རྫོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས“ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ནས། གྲོང་ཚོའི་ལས་བྱེད་པའི་སྤྱི་སྐད་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་སྔོན་དཔག་གི་ཕན་འབྲས་ཐོན་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།