བརྩེ་བ་ཟབ་མོ་བཅངས། ལྷག་བསམ་ཞབས་འདེགས་ཞུས།
འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་གི་ལས་དོན་པས་རྒན་རྒོན་གྱི་སྐྲ་འཁྲུད་བཞིན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། “དམངས་སྲིད་ཀྱིས་དམངས་ལ་ཞབས་འདེགས་ཞུ་བ”དང“དམངས་སྲིད་ཀྱིས་དམངས་ལ་གཅེས་པའི”ལས་ཀའི་འདུ་ཤེས་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་དང་དམིགས་བསལ་གྱི་ཚོགས་སྤྱི་དང་མང་ཚོགས་ཀྱི་དོ་ཁུར་བྱེད་སར་དམིགས་ནས་གཞི་རྩའི་དམངས་འཚོ་འགན་ལེན་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཀྱི་ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱུན་མཐུད་བརྒྱབ་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།