དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷོ་ཁའི་སྨན་བཅོས་འགན་བཅོལ་གྱི་རང་འདེམས་ཞབས་འདེགས་རྫོང(ཆུས)ཡོངས་སུ་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-26

    གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་གྱི་རང་འདེམས་ཞབས་འདེགས་དུད་སྣེ་ནང་འདྲེན་བྱས་ཏེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་དང་སྣེ་གདོང་ཆུས་ཞིང་ལས་དངུལ་ཁང་དུ“ཆུ་ཚོད་24ཡི་སྨན་བཅོས་འགན་བཅོལ་གྱི་རང་འདེམས་ཞབས་འདེགས་འཕྲུལ་ཆས”བཙུགས་པ་རེད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)12སུ་སྨན་བཅོས་འགན་བཅོལ་གྱི་རང་འདེམས་ཞབས་འདེགས་གཞི་གཅིག་ཅན་གྱི་འཕྲུལ་ཆས་སྒྲིག་སྦྱོར་དང་བེད་སྤྱོད་བྱས་པ་དང་། གྲོང་ཁྱེར་ཡོངས་ལ་ཁྱབ་ཚད་100%ཟིན་ཡོད་པ་རེད།

    འཕྱོངས་རྒྱས་རྫོང་འཕྱིང་བ་སྟག་རྩེ་ཐང་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་རང་འདེམས་ཞབས་འདེགས་གཞི་གཅིག་ཅན་གྱི་འཕྲུལ་ཆས་འགྲམ་དུ་ལས་དོན་པས་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་བར་ཡོང་མཁན་མང་ཚོགས་ལ་སྨན་བཅོས་འགན་བཅོལ་གྱི་རང་འདེམས་ཞབས་འདེགས་འཕྲུལ་ཆས་བེད་སྤྱོད་གཏོང་སྟངས་ལ་འགྲེལ་བཤད་བརྒྱབ་སྟེ། གྲོང་མིས་རང་ཉིད་ཀྱི་དགོས་མཁོ་གཞིར་བཟུང་འཕྲུལ་ཆས་བེད་སྤྱོད་ཡང་དག་གཏོང་བར་ཁྲིད་སྟོན་བྱེད་བཞིན་ཡོད་པ་རེད། “སྨན་བཅོས་འགན་བཅོལ་གྱི་རང་འདེམས་ཞབས་འདེགས་གཞི་གཅིག་ཅན་གྱི་འཕྲུལ་ཆས་ཡོད་པ་ནས་བཟུང་། ཆེད་མངགས་ལས་ཀའི་ཉིན་མོར་ཞབས་འདེགས་ཚོམས་ཆེན་དུ་ལས་སྒོ་གཉེར་བར་འགྲོ་མི་དགོས་པར་ཐོབ་ཐང་ལག་ཁྱེར་ཁྱེར་ཏེ་ཐད་ཀར་འཕྲུལ་ཆས་ནས་གཉེར་ཆོག་གི་འདུག་ལ་འཕྲུལ་ཆས་བདེ་སྤྱོད་གཏོང་བདེ་པོ་འདུག” ཅེས་གྲོང་མི་པད་མ་སྒྲོལ་དཀར་གྱིས་བཤད།

    “སླད་ཕྱིན་ང་ཚོས་མུ་མཐུད་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་ལས་དོན་ལ་དམིགས་ཏེ། སྨན་བཅོས་འགན་བཅོལ་ཞབས་འདེགས་སྟབས་བདེའི་རང་བཞིན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་གི་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱི་ཀྲུའུ་རེན་བསོད་ནམས་ཆོས་འཛོམས་ཀྱིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།