དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • “ཧྲན་ཏུང་དང་བོད་ལྗོངས་བློ་གཅིག་སེམས་མཐུན”གྱི་སློབ་གཉེར་གྱི་འདུ་ཤེས་རྒྱུན་འཛིན་བྱེད་པ།

    གཞིས་རྩེ་གྲོང་ཁྱེར་ཇི་ལུ་མཐོ་རིམ་སློབ་འབྲིང་ལ“བོད་རང་སྐྱོང་ལྗོངས་དཔེ་སྟོན་མཐོ་རིམ་སློབ་འབྲིང་སློབ་གྲྭའི”སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-22

    ཉེ་ཆར་གཞིས་རྩེ་གྲོང་ཁྱེར་ཇི་ལུ་མཐོ་རིམ་སློབ་འབྲིང་ལ་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་སྤྲད་པའི“བོད་རང་སྐྱོང་ལྗོངས་དཔེ་སྟོན་མཐོ་རིམ་སློབ་འབྲིང་སློབ་གྲྭའི”སྒོ་བྱང་དངོས་སུ་བཀལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་ཇི་ལུ་མཐོ་རིམ་སློབ་འབྲིང་ནི་ཧྲན་ཏུང་ཞིང་ཆེན་གྱི་སྔར་ནས་བོད་སྐྱོར་གྱི་མ་དངུལ་མང་ཤོས་བཏང་བའི་རྣམ་གྲངས་གྲས་ཤིག་ཡིན་པ་དང་། བསྡོམས་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་བ་རེད། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་7.1ཟིན་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.5ཟིན་ཞིང་། གཞི་ཁྱོན་ལྡན་པའི་སློབ་ཁྲིད་འཛིན་གྲྭ་31འཆར་འགོད་བྱས་པར་བསྡོམས་སློབ་མ་1500ལྷག་ཙམ་ཟིན་ནས་2023ལོའི་ཟླ་གཉིས་པར་དངོས་སུ་སློབ་འགོ་ཚུགས་པ་རེད།

    སློབ་འགོ་ཚུགས་པ་ནས་བཟུང་། ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་དང་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་དང་སློབ་གྲྭའི་དགེ་སློབ་དང་ལས་བཟོ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག ལས་དོན་ཁག་མགྱོགས་མྱུར་རྒྱུན་གཏན་ལྟར་ལེགས་གྲུབ་བྱུང་ནས་སློབ་གྲྭའི་དོ་དམ་དང་། སློབ་ཁྲིད་ཀྱི་སྤུས་ཚད། མི་རིགས་མཐུན་སྒྲིལ་སོགས་ལ་གྲུབ་འབྲས་ཕུལ་བྱུང་ཐོབ་ཡོད།

    གཞིས་རྩེ་གྲོང་ཁྱེར་ཇི་ལུ་མཐོ་རིམ་སློབ་འབྲིང་གི་སློབ་སྤྱི་དབན་ཡུན་གྱིས། “ཧྲན་ཏུང་དང་བོད་ལྗོངས་བློ་གཅིག་སེམས་མཐུན”གྱི་སློབ་གཉེར་གྱི་འདུ་ཤེས་རྒྱུན་འཛིན་དང་། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་གཏོད་པ་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ། དཔེ་སྟོན་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སློབ་གཉེར་གྱི་འདུ་ཤེས་རྩེ་གྲ་དང་། སློབ་གཉེར་གྱི་ཆ་རྐྱེན་རྩེ་གྲ། དགེ་རྒན་གྱི་དཔུང་ཁག་རྩེ་གྲ སློབ་གསོའི་སྤུས་ཚད་རྩེ་གྲ་བཅས་ལ་བརྟེན་ནས། གཞིས་རྩེའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།