དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྲི་ཆོད་སྒྲོལ་མས་བརྗོད་དོན།

    ངའི་སློབ་གྲྭ་ནི་ངའི་ཁྱིམ་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-21

    འདི་ནི་ཟླ་11ཚེས་9ཉིན་སྲི་ཆོད་སྒྲོལ་མས་དགེ་རྒན་གྱི་དྲི་བར་ལན་འདེབས་བཞིན་པ།

    འདི་ནི་སྲི་ཆོད་སྒྲོལ་མས་བོད་ཡིག་སློབ་ཚན་ཉན་བཞིན་པ།

    འདི་ལོ་ལོ་15ལ་སླེབས་པའི་སྲི་ཆོད་སྒྲོལ་མ་ནི་འདམ་གཞུང་རྫོང་སློབ་འབྲིང་གི་ལོ་རིམ་བརྒྱད་པའི་འཛིན་གྲྭ་དྲུག་པའི་སློབ་མ་ཞིག་རེད། ཁོང་གི་ཁྱིམ་བོད་ལྗོངས་འདམ་གཞུང་རྫོང་ལུང་རིང་ཤང་མཆོད་རྟེན་གྲོང་ཚོར་ཆགས་ཡོད། དེ་ནི་གཉན་ཆེན་ཐང་ལྷའི་ལྷོ་འདབས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་བཞི་སྟོང་ལྷག་ཙམ་ཟིན་གྱི་ཡོད།

    སྲི་ཆོད་སྒྲོལ་མ་འཛིན་གྲྭའི་སློབ་གྲོགས་གཞན་དག་51དང་མཉམ་དུ་རྩྭ་ཐང་ནས་སློབ་གྲྭར་ཡོང་སྟེ་དེང་རབས་ཅན་གྱི་སྐད་གཉིས་སློབ་གསོ་དང་ལེན་བྱེད་ཀྱི་ཡོད།

    སྲི་ཆོད་སྒྲོལ་མས་རྩིས་རིག་སློབ་ཚན་ལ་དགའ་ཤོས་བྱེད་ཀྱི་ཡོད། “རྩིས་གཞི་ཡག་པོ་འགྲོལ་ཐུབ་སྐབས་རང་ཉིད་སྤྱང་པོ་ཡིན་པའི་ཚོར་སྣང་འདུག”ཅེས་སྲི་ཆོད་སྒྲོལ་མས་བཤད།

    ཉིན་ལྟར་དགོང་མོའི་རང་སྦྱོང་གྲོལ་རྗེས་སྲི་ཆོད་སྒྲོལ་མ་གྲོགས་པོ་ཚོ་དང་མཉམ་དུ་ཉལ་ཁང་དུ་ལོག་ནས་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་སྦྱོང་བརྡར་ལས་འགན་ལེགས་སྒྲུབ་བྱེད་ཀྱི་ཡོད། གློག་བསད་རྗེས་སྲི་ཆོད་སྒྲོལ་མས་ད་དུང་ཉལ་གྲོགས་ཚོ་དང་མཉམ་དུ“མཚན་གྲོས”ཏོག་ཙམ་བྱེད་ཀྱི་ཡོད། ཁོང་གིས་སློབ་གྲྭ་ནི་ངའི་ཁྱིམ་གཞན་ཞིག་དང་གཅིག་མཚུངས་ཡིན་ཞེས་བཤད།

    ཕྱུགས་འཚོ་བ་དང་གླ་པ་རྒྱུག་པ་སོགས་ལ་བརྟེན་ནས་སྲི་ཆོད་སྒྲོལ་མའི་ཕ་མས་བུ་ཕྲུག་བཞི་གསོས་ཡོད། ཁོང་གི་ཕ་ཚེ་བརྟན་རྡོ་རྗེས“ཆུང་དུས་ཁྱིམ་ཚང་དབུལ་པོ་ཡིན་པས་སློབ་གྲྭར་སྐྱོད་པའི་ཆ་རྐྱེན་མེད། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་ཕྲུ་གུ་ཚོ་སློབ་གྲྭ་ཡག་པོ་འགྲིམས་ནས་ཤེས་བྱ་མང་ཙམ་ཤེས་ན་བསམ་གྱི་འདུག”ཅེས་བརྗོད།

    བོད་ཀྱི་ལོ་15རིང་གི་གཞུང་གྲོན་སློབ་གསོའི་སྲིད་ཇུས་མ་ལག་དང་སློབ་མའི་རོགས་སྐྱོར་སྲིད་ཇུས་མ་ལག་ཡོད་པས་ཚེ་བརྟན་རྡོ་རྗེའི་ཁྱིམ་གྱི་ཕྲུ་གུ་བཞིའི་སློབ་གསོའི་ཐད་ཁོང་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་མྱོང་མེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཞིང་འབྲོག་པའི་བུ་ཕྲུག“སློབ་གྲྭར་སྐྱོད་པའི་ཁུར་པོ་ཡང་གཏོང”བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་ཞིང་འབྲོག་པའི་བུ་ཕྲུག་ལ་སློབ་གསོ་ཐོབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱིས་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་ཐེངས་བརྒྱད་བཏང་བ་དང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་220.67བཏང་བས་ཕན་པ་ཐོབ་མཁན་སློབ་མ་མི་ཐེངས་ཁྲི་655.08ཟིན་ཡོད། མིག་སྔར། “འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་ལོ་རེར་སློབ་མ་རེའི་ཆ་སྙོམས་འགྲོ་གྲོན་སྒོར་4200ཡིན་པ་དང་སློབ་མས་རོགས་སྐྱོར་སྲིད་ཇུས་42ལོངས་སྤྱོད་བྱེད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།