དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས།

    རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་མིག་ནད་ཚན་ཁག་ཏུ་བསྐྱོད་ནས། རང་ལྗོངས་ཀྱི་སྐྱ་གྲིབ་ནད་པ་སྐྱོབ་བཅོས་དང་མང་ཚོགས་ཀྱིས་སྨན་པ་བསྟེན་པ་སོགས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྤེལ་ཚུལ་དང་། “བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁམས་གསོ་ལུས་བདེའི”རྣམ་གྲངས་ཞིབ་འཇུག་གསར་སྤེལ་དང་སྐུལ་འདེད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལུའོ་མེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་ལ“དམིགས་པ་ལྔའི”ཞིབ་ཕྲའི་བླང་བྱ་བཏོན་པས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ལེགས་ཆ་གང་ལེགས་འདོན་པ་དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་རོགས་སྐྱོར་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་གཤམ་སྐྱོད་བཅས་བྱས་ནས་རང་ལྗོངས་ཀྱི་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།