དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • འདམ་གཞུང་རྫོང་སློབ་གསོ་ཅུས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་གྲངས་འཛིན་སློབ་དེབ་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-25

    ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཀྲུང་གོའི་སློབ་གསོ་དེང་རབས་ཅན་གྱི་2035ལོ》དང་། སློབ་གསོ་པུའི《སློབ་གསོ་ཆ་འཕྲིན་ཅན་2.0གྱི་བྱ་སྤྱོད་འཆར་གཞི》 ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི《ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་རྒན་སྣ་ཚོགས་ཀྱི“ཡིག་རྒྱུཌ་གཅིག་དང་དཔྱད་བསྡུར་གསུམ”ལས་དོན་གྱི་ལག་བསྟར་ཇུས་གཞི》བཅས་ཀྱི་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉིན་ཤས་གོང་འདམ་གཞུང་རྫོང་སློབ་གསོ་ཅུས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་གྲངས་འཛིན་སློབ་དེབ་དང་། རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་རིག་ལྡན་སློབ་གསོའི་ལས་སྟེགས། ཇོ་རིའི་ཆུ་འཛིན་སློབ་ཁྲིད་ཀུན་གསལ་མེ་ལོང་བཅས་བཀོལ་སྤྱོད་བྱེད་སྟངས་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་ཚོགས་འདུར་འདམ་གཞུང་རྫོང་སློབ་གསོ་ཅུས་ཀྱི་སློབ་དཔྱོད་ཁང་གི་གློག་ཅན་སློབ་གསོའི་དགེ་རྒན་ལིའུ་རེན་ཅུན་གྱིས་གྲངས་གཞིའི་སློབ་དེབ་དང་དེ་བཞིན་ཆ་འཕྲིན་ཅན་གྱི་སློབ་ཁྲིད་ཁོར་ཡུག་འོག་གི“རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་རིག་ལྡན་སློབ་གསོའི་ལས་སྟེགས”དང་། “བོད་ཀྱི་སློབ་གསོའི་ཇོ་མོ་གླང་མའི་ཆུ་འཛིན་སློབ་ཁྲིད་ལས་སྟེགས(ཇོ་མོ་གླང་མའི་ཆུ་འཛིན་སློབ་ཁྲིད་ཀུན་གསལ་མེ་ལོང་ཚུད་པ) “ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་དྲ་བའི་ལས་སྟེཌ”བཅས་ཀྱི་ནུས་པ་དང་། བཀོལ་སྤྱོད་བྱ་ཐབས། བེད་སྤྱོད་བྱང་རྩལ་བཅས་ཀྱི་ཐད་འགྲེལ་བཤད་དང་འགྲེམས་སྟོན་ཞིབ་ཚགས་བྱས་པ་དང་ཆབས་ཅིག་གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས“ཇོ་མོ་གླང་མའི་ཆུ་འཛིན་སློབ་ཁྲིད་ཀུན་གསལ་མེ་ལོང”སོགས་ལས་སྟེགས་སྣ་ཚོགས་སྤྱོད་པ་དང་ཆ་འཕྲིན་ལག་རྩལ་དང་རིག་ཚན་གྱི་སློབ་གསོ་ཞིབ་འཇུག་གི་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་ཆེད་ཆེད་ལས་ཀྱི་བཀོལ་སྤྱོད་མཛུབ་ཁྲིད་མཁོ་འདོན་བྱས་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ལས་སློབ་གྲྭའི་ཆ་འཕྲིན་ལག་རྩལ་དང་ལས་སྟེགས་ཀྱི་མཉེན་ཆས་བེད་སྤྱོད་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་སློབ་གྲྭའི་ཆ་འཕྲིན་ཅན་དང་སློབ་གསོ་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།