དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སློབ་འབྲིང་གིས“རས་པ་སྐྱིད་ཉལ”གྱི་གར་སྟབས་ལྡན་པའི་སློབ་གསེང་ལུས་རྩལ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སློབ་འབྲིང་གི་ལུས་རྩལ་ཐང་དུ་སློབ་གསེང་ལུས་རྩལ་དཔེ་གསར་ཞིག་རྩེ་བཞིན་ཡོད་པ་སྟེ། དགེ་སློབ་ཚང་མ་མཉམ་དུ་འཛོམས་ནས་རས་པ་སྐྱིད་ཉལ་གྱི་གར་སྟབས་ལྡན་པའི་སློབ་གསེང་ལུས་སྦྱོང་བྱེད་པ་དེ་ཇི་འདྲའི་ཡིད་དུ་འོང་ཞིང་ཉམས་དགའ་བ་ཞིག་ཡོད།

    རས་པ་ནི་དུས་རབས་བཅུ་གཅིག་པར་བོད་ཤར་རྒྱུད་ནས་དར་ཞིང་། རས་པའི་སྒྱུ་རྩལ་པས་འཁྲབ་སྟོན་བྱེད་པའི་གར་གྱི་རིགས་ཤིག་རེད། དེའི་ཁྱད་ཆོས་ནི་གར་པ་ཚོས་གར་གྱི་སྟངས་སྟབས་ལ་བརྟེན་ནས་གཡས་སྐོར་རྒྱག་པ་དེ་ཡིན། 2006ལོའི་ཟླ་ལྔ་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། རས་པ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་ཚུད་ཡོད་པ་རེད།

    “སློབ་མའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། སློབ་གྲྭས‘རས་པ་སྐྱིད་ཉལ’གྱི་གར་སྟབས་ལྡན་པའི་ཞབས་བྲོ་འཁྲབ་རྒྱུ་དེ་སློབ་གསེང་ལུས་སྦྱོང་གི་སོར་ཉར་ལེ་ཚན་དུ་བརྩིས་ཡོད” “སློབ་གྲྭས་སློབ་གསོའི་ཁྱབ་རྒྱ་ཆེ་རུ་བཏང་ནས་ས་གནས་དེ་གའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་གང་ལེགས་བྱ་ཆེད། སྔ་རྗེས་སུ་རྫོང་རིག་གནས་ཅུས་དང་རྫོང་དམངས་ཁྲོད་སྒྱུ་རྩལ་རུ་ཁག་སོགས་དང་མཉམ་དུ་གྲོང་ཚོ(གྲོང་ལྷན)ཁ་ཤས་སུ་བསྐྱོད་དེ་དམངས་ཁྲོད་ནས་མཚོ་སྨད་ཀྱི་ཁྱད་ཆོས་ལྡན་པའི་སྒོར་གཞས་ལེ་ཚན་རིགས་བཅུ་གྲངས་འཚོལ་བསྡུ་བྱས་པ་དང་འབྲེལ། རས་པའི་སྒྱུ་རྩལ་རྣམ་པ་སོགས་སྤྱད་དེ‘རས་པ་སྐྱིད་ཉལ’གྱི་གར་སྟབས་ལྡན་པའི་སློབ་གསེང་ལུས་སྦྱོང་འདི་གསར་གཏོད་བྱས་ཡོད”ཅེས་མཚོ་སྨད་རྫོང་སློབ་འབྲིང་གི་སློབ་སྤྱི་པད་མ་བསྟན་འཛིན་གྱིས་ངོ་སྤྲོད་བྱས།

    སློབ་གྲྭ་དེའི་ལོ་རིམ་དགུ་པའི་འཛིན་གྲྭ་གཉིས་པའི་སློབ་མ་ངག་དབང་མཚོ་མོས“ང་རང་འགྱུར་ཁུག་སྙན་ཞིང་གར་སྟབས་ཧ་ཅང་མཛེས་པའི་སློབ་གསེང་ལུས་སྦྱོང་འདི་འཁྲབ་པར་ཧ་ཅང་དགའ་པོ་ཡོད”ཅེས་བཤད་པ་དང་། ཁོ་མོའི་འཁྲིས་སུ་ལངས་པའི་སློབ་གྲོགས་ཚེ་རིང་དབང་མོས་ཀྱང“སློབ་གསེང་གི་ལུས་རྩལ་འདི་བརྒྱུད། ངས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བྱུང་། སློབ་མ་ཞིག་གི་ཆ་ནས། ང་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྟོབས་ཤུགས་གསར་པ་ཧུར་ཐག་བྱེད་དགོས་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།