དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་ཀྱིས།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-03

    མལ་གྲོ་གུང་དཀར་རྫོང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་ནས། མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་སྤུས་ཚད་མཐོ་པོས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་2023ལོའི་མཐོ་སློབ་སློབ་ཐོན་སློབ་མར་སྲིད་ཇུས་སྒྲོག་འགྲེལ་དང་བོད་ལྗོངས་གྲོ་སྙེ་བཟའ་བཅའ་ཚད་ཡོད་ཀུང་སིའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་མལ་གྲོ་གུང་དཀར་རྫོང་གི་རྫོང་དཔོན་གཞོན་པ་ཞུས་ཀྲེན་ཡུས་ཀྱིས་མིག་སྔའི་ལས་ཞུགས་ཀྱི་དུས་བབ་ལ་དམིགས་ནས། མཐོ་སློབ་སློབ་ཐོན་སློབ་མས་ལས་ཞུགས་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་དང་། ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། ཁྲོམ་རར་ཕྱོགས་པ། ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ཐུབ་པ་བཅས་ཡོང་བར་སློབ་གསོ་ཁྲིད་སྟོན་བྱས་པ་དང་འབྲེལ། དེ་གར་ཡོད་པའི་སློབ་ཐོན་སློབ་མར་སྲིད་ཇུས་སྒྲོག་འགྲེལ་དང་བསམ་བློའི་ཁྲིད་སྟོན་ཡང་བྱས་པ་རེད། བོད་ལྗོངས་གྲོ་སྙེ་བཟའ་བཅའ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ཁེ་ལས་འཕེལ་རྒྱས་དང་མི་སྣའི་དགོས་མཁོ་གཞིར་བཟུང་། མཐོ་སློབ་སློབ་ཐོན་སློབ་མར་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་དང་། རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ངག་དབང་ཆོས་སྒྲོན་གྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱིས་བཏོན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་ནས། སློབ་ཐོན་སློབ་མས་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་མི་བསྡུ་བའི་བྱེད་སྒོར་བོད་ལྗོངས་གྲོ་སྙེ་བཟའ་བཅའ་ཚད་ཡོད་ཀུང་སིས་ཁེ་ལས་དོ་དམ་དང་། གཉེར་སྐྱོང་འགོ་འཛིན། ཐོན་སྐྱེད་གཙོ་གཉེར། ནོར་དོན་འགན་འཁུར་བ། སྲིད་འཛིན་ཆེད་མངགས་པ། ཁྲོམ་ར་རྒྱ་སྐྱེད་སོགས་ལས་གནས་31མཁོ་འདོན་བྱས་ཡོད་ལ། ལོ་འདི་གའི་སློབ་ཐོན་སློབ་མ་ཁྱོན167ཞུགས་ཡོད། གཞན་ཡང་སློབ་ཐོན་སློབ་མར་ལས་ཞུགས་མཛུབ་ཁྲིད་ཀྱི་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། འདུ་ཚོགས་སྤེལ་ཡུལ་དུ་སྲིད་ཇུས་དྲིལ་བསྒྲགས་ཀྱི་འགྲེམས་གནས་བཀོད་སྒྲིག་བྱས་པ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་170ལྷག་ཙམ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།