དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱིས་རིམས་ནད་དང་འབྲེལ་བའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་རིན་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-03

    རིམས་ནད་དང་འབྲེལ་བའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཚོ་སྣ་གྲོང་ཁྱེར་དང་ལྷུན་རྩེ་རྫོང་དུ་བསྐྱོད་དེ། རིམས་ནད་དང་འབྲེལ་བའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་རིན་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཚོ་སྣ་གྲོང་ཁྱེར་དང་ལྷུན་རྩེ་རྫོང་གི་སྨན་རྫས་སིལ་ཚོང་ཁང་ལ་ཞིབ་བཤེར་བྱས་ཏེ། སྨན་རྫས་སིལ་ཚོང་ཁང་གི་གཉེར་སྐྱོང་ཚན་པའི་སྨན་རྫས་འཐེན་པའི་ཐབས་ལམ་དང་། བྲིན་ཚོང་རིན་གོང་། ཉོ་ཚོང་ཟིན་ཐོ། མཛོད་ཉར། དེ་བཞིན་ཚོང་ཟོག་རེ་རེའི་རིན་གོང་གསལ་འགོད་ཀྱི་གཏན་འབེབས་ལག་བསྟར་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ད་དུང་སྨན་རྫས་ཚོང་ཁང་གི་གཉེར་སྐྱོང་ཚན་པར་ངེས་པར་དུ་སྤུས་ཚད་འགན་ལེན་དང་། མཁོ་སྤྲོད་འགན་ལེན། རིན་གོང་བརྟན་པོ་བཅས་ཀྱི་འབྲེལ་ཡོད་ལས་དོན་ལེགས་པར་སྒྲུབ་དགོས་པ་དང་། འབྲེལ་ཡོད་གཏན་འབེབས་ལྟར་ཉོ་ཚོང་ཟིན་ཐོ་ཡག་པོ་འགོད་དགོས་པ། ཁྲིམས་ལྟར་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་སྨན་རྫས་ཉོ་ཚོང་གི་རིན་གོང་དང་ཉོ་ཚོང་གྲངས་འབོར་སོགས་ཆ་འཕྲིན་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་བླང་བྱའང་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།