དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱིས་བྱིས་པའི་ལྷན་སྐྱེས་སྙིང་ནད་ཀྱི་ཆེད་དོན་དོ་དམ་ལས་ཁུངས་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-28

     ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱིས“ནད་ཆེན་བོད་ནས་སྨན་བཅོས་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱ་ཆེད། བྱིས་པའི་ལྷན་སྐྱེས་སྙིང་ནད་ཆེད་དོན་དོ་དམ་གཞུང་ལས་ཁང་དངོས་སུ་བཙུགས་ནས་བོད་ཀྱི་ལྷན་སྐྱེས་སྙིང་ནད་འགོག་བཅོས་ཆུ་ཚད་དེ་བརྒྱུད་རིམ་ལྡན་པ་དང་། ཆ་འཕྲིན་ཅན། ཚན་རིག་དང་མཐུན་པ། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་བརྩོན་ལེན་བྱས་ཡོད།

    བོད་རང་སྐྱོང་ལྗོངས་བྱིས་པའི་ལྷན་སྐྱེས་སྙིང་ནད་ཀྱི་ཆེད་དོན་དོ་དམ་གཞུང་ལས་ཁང་གི་འགན་འཁྲི་གཙོ་བོ་ནི“ནད་པ་གཅིག་ཤེས་རྟོགས་བྱུང་ཚེ་དེར་སྨན་བཅོས་བྱེད་པའི”སྤྱིའི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་ལོ་18མན་གྱི་སྨན་བཅོས་ཆོག་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཚང་མར་དབྱེ་བཤེར་དང་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ་དང་། ཆེད་ལས་ཅན་གྱིས་ལྗོངས་ཡོངས་ཀྱི་བྱིས་པར་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་། སྨན་བཅོས། རྗེས་སྙེགས་འདྲི་རྩད་བཅས་དང་འབྲེལ་ཡོད་སྨན་བཅོས་ལས་དོན་ལ་སྤྱི་འདོམས་དང་དོ་དམ་བྱེད་པ། ལྗོངས་ཡོངས་ཀྱི་ལྷན་སྐྱེས་སྙིང་ནད་གཤགས་བཅོས་སྨན་བཅོས་ལས་ཁུངས་དང་དེ་བཞིན་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་དང་། རྒྱུན་མཐུད་སློབ་གསོ། སྤུས་ཚད་ལ་ཚོད་འཛིན་སྐོར་ཞིབ། འོས་ཐོབ་ངོས་བཅད། སྒྲིག་འགལ་ཚུར་ལན་བཅས་བྱེད་པ། ཚན་ཞིབ་དང་རིག་གཞུང་སྤེལ་རེས་ལས་དོན་སྤེལ་ནས་ཆ་འཕྲིན་གྲངས་གཞིའི་མཛོད་ཀྱི་ལས་སྟེགས་བསྐྲུན་ཏེ། སྲིད་གཞུང་སྡེ་ཚན་ལ་དུས་ཐོག་ཏུ་བྱིས་པའི་ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་གནས་ཚུལ་གྱི་གྲངས་གཞི་དང་སྲིད་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་པ། བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ“ལྗོངས་ནང་ཁུལ་ནས་སྐྱོབ་བཅོས་ཐུབ་ཚེ་ལྗོངས་ནང་ཁུལ་དུ་སྐྱོབ་བཅོས་བྱེད་པའི”ལས་ཀའི་དམིཌ་ཚད་མངོན་འགྱུར་ཧུར་ཐག་བྱེད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།