དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་པོར།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-15

    ཉེ་ཆར། 2023ལོའི་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་པོའི(མཐོ་རིམ་ལས་རིགས་ཚོགས་ཆུང)བཟོ་སྐྲུན་ལས་གྲྭའི་ཐིག་རིས་གསལ་རྟོགས་འགྲན་བསྡུར་རྣམ་གྲངས་ཧང་ཀྲོའུ་རུ་ཡོད་པའི་ཀྲེ་ཅང་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དུ་གཉེར་བ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ནས་ཡོང་བའི་འགྲན་ཞུགས་རུ་ཁག་73དང་བདམས་ཐོན་པ་146འགྲན་བསྡུར་ལ་ཞུགས་པ་རེད། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་མངགས་པའི་འགྲན་ཞུགས་ཚོགས་པར་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ(རྒྱལ་ཡོངས་ཀྱི་ཨང་གསུམ་པ)ཐོབ་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོར་གཡུར་ཟའི་གྲུབ་འབྲས་ཐོབ་པ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་ཀྲེ་ཅང་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གཉིས་རོགས་ལས་བྱས་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་ཞིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི“མཐོ་གཉིས”ཆེད་ལས་ཚོགས་པའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།