དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་དཀར་གསལ་ཡུན་བརྟན་མིག་ཤེལ་ཀུང་སིས།

    “གཅེས་སེམས་སློབ་རོགས་ཀྱིས་ཕུགས་འདུན་འགྲུབ་རོགས་བྱེད་པའི”བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    གཞོན་ནུ་ལོ་ཆུང་གི་མིག་བདེ་ཐང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་དང་། དམངས་ཡོངས་ཀྱི་མིག་བདེ་ཐང་གི་འགོག་སྲུང་འདུ་ཤེས་ཟབ་ཏུ་བཏང་ནས་ཕྲུ་གུའི་མིག་བདེ་ཐང་ལ་མཉམ་དུ་སྲུང་སྐྱོང་བྱ་ཆེད། ཉེ་ཆར། བོད་ལྗོངས་གཞོན་ནུ་ཁེ་ལས་པའི་ཚོང་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་བོད་ལྗོངས་དཀར་གསལ་ཡུན་བརྟན་མིག་ཤེལ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕེང་ཁྲུན་ཡུང་གིས་ཚོགས་པའི་སྣེ་ཁྲིད་དེ། ཆུ་ཤུར་རྫོང་མཉེས་ཐང་ཤང་སློབ་ཆུང་དུ“གཅེས་སེམས་སློབ་རོགས་ཀྱིས་ཕུགས་འདུན་འགྲུབ་རོགས་བྱེད་པའི”བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྤེལ་བ་རེད།

    སློབ་གྲྭའི་དགེ་སློབ་ཚོར་མིག་ཤེད་དབྱེ་བཤེར་གྱི་གློལ་རྡུལ་ཡིག་ཚགས་བཟོ་བ་དང་། རིན་མི་དགོས་པར་མིག་ཤེལ་སྒྲིག་པ། ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། དགེ་སློབ་ཚོར་ཆེད་ལས་ཀྱི་མིག་བདེ་ཐང་གི་དོ་དམ་ཇུས་གཞི་བཏོན་པ་དང་ཆབས་ཅིག སློབ་གྲྭའི་རྒྱང་སྒྲིབ་ཕོག་པའི་སློབ་མ་155ལ་མིག་ཤེལ་བསྒྲིགས་པ་རེད།

    2016ལོ་ནས་བཟུང་། ཀུང་སིས་སེམས་ནུས་ཡོད་རྒུས་མིག་ཤེད་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཕན་དམིགས་ཚད་མཐའ་འཁྱོངས་བྱས་ཏེ། གཞོན་ནུ་ལོ་ཆུང་གི་མིག་ཤེད་བདེ་ཐང་ལ་སྲུང་སྐྱོང་བྱེད་པར་གཞོལ་བ་དང་། སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་པ། གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་འགོག་ཟོན་ལས་དོན་ལ་རམ་འདེགས་བཅས་བྱས་ནས་ཕྲུ་གུ་ཚོའི་མིག་བདེ་ཐང་སྲུང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད། མིག་སྔའི་བར། བོད་ལྗོངས་དཀར་གསལ་ཡུན་བརྟན་མིག་ཤེལ་ཀུང་སིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། དེ་བཞིན་གཞིས་རྩེ་གྲོང་ཁྱེར་བཅས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་20ཙམ་ལ་མིག་ཤེད་དབྱེ་བཤེར་བྱས་པ་མ་ཟད། སློབ་མ་ཚོར་གློག་རྡུལ་མིག་ཤེད་ཀྱི་ཡིག་ཚགས་བཟོས་ནས་བདེ་ཐང་ངང་མིག་སྤྱོད་པའི་ཕྲུ་གུ་ཚོའི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།