དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཨན་དབྱི་ཁྲེན་གྱིས་བརྗོད་དོན།

    མི་ཕུལ་བྱུང་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་ཨན་དབྱི་ཁྲེན་ལ་ཕུགས་བསམ་ཆེན་པོ་ལྡན་ལ། སློབ་ལ་བརྩོན་པ་དང་ཡར་བརྩོན་ཆེ་བ་མ་ཟད། བློ་བག་ཡངས་བ་དང་གདེང་ཚོད་ཀྱང་ལྡན་པས“བཟང་པོ་ལྔ་ལྡན་སློབ་མ”དང“ཕུལ་བྱུང་འཛིན་གྲྭའི་ལས་བྱེད་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད་པ་རེད།

    འཛིན་གྲྭའི་སློབ་སྦྱོང་ཨུ་ཡོན་གྱི་ཆ་ནས། ད་དུང་ཁོ་པས་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་གྲོགས་ལ་རང་འགུལ་ངང་རོགས་རམ་བྱས་ཏེ། ངང་རྒྱུད་རིང་པོས་ཁོ་ཚོའི་དོགས་གཞིར་ལན་འདེབས་ཀྱི་ཡོད་པས་སློབ་གྲོགས་ཚོས་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་སློབ་སྦྱོང་གི་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ཡོད། དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་འགན་ཚང་མ་ཁོ་པས་སླ་བཅོས་སྤུ་ཙམ་ཡང་མེད་པར་ལེགས་སྒྲུབ་བྱེད་པ་དང་སྦྲགས། དགེ་རྒན་ལ་གཞོགས་འདེགས་བྱས་ནས་འཛིན་གྲྭའི་ལས་དོན་ལ་དོ་དམ་ཡག་པོ་བྱེད་ཀྱི་ཡོད། འཛིན་གྲྭའམ་ཡང་ན་སློབ་གྲྭས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་ཏེ། དགེ་རྒན་དང་མཉམ་དུ་ཇུས་འགོད་དང་གྲ་སྒྲིག་ནན་ཏན་བྱེད་ཀྱི་ཡོད་པས་དགེ་རྒན་གྱི་ལག་གཡོག་ཡག་པོ་ཞིག་རེད།

    ཨན་དབྱི་ཁྲེན་གྱི་སློབ་སྦྱོང་སྦྱངས་འབྲས་ལེགས་པ་མ་ཟད། ད་དུང་དགའ་ཕྱོགས་མང་ཞིང་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བཞིན་ཡོད། ཁོ་པ་ནི་སློབ་གྲྭའི་བརྙན་འཕྲིན་ཁང་གི་གཙོ་སྐྱོང་བ་ཞིག་ཡིན་ཞིང་། སྙན་སྒྲོན་བྱེད་ཐེངས་རེ་རེའི་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་ཀྱི་ཡོད། ཁོ་པས་སློབ་གྲྭའི་གཙོ་སྐྱོང་བའི་འགྲན་བསྡུར་ཆེན་པོ་དང་། སྒྲུང་ཤོད་པ། གླུ་གཞས་གཏོང་བ། གྱེར་འདོན་བྱེད་པ། ལུས་རྩལ་འགྲན་ཚོགས་སོགས་ཀྱི་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་ཀྱི་ཡོད་པས། ཁོ་པ་ནི་ཚང་མའི་མིག་ལམ་གྱི“སྒྱུ་རྩལ་མཁས་ཅན”ཞིག་རེད།

    ད་དུང་ཨན་དབྱི་ཁྲེན་འཇིག་རྟེན་འཕུར་སྐྱོད་ཀྱི་ཤེས་བྱར་ཧ་ཅང་དགའ་པོ་ཡོད་ཅིང་། རྟག་ཏུ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་བརྩམས་ཆོས་ཁག་གཅིག་འབྲི་བཞིན་ཡོད། 2020ལོའི་ཟླ་10པར་ཁོ་པའི་རི་མོའི་བརྩམས་ཆོས《ཁྱིམ་གཞིས་ལ་རྒྱང་ལྟ་བྱེད། སྐར་མའི་གོ་ལ་སྔོན་པོ་སྲུང་སྐྱོང་བྱེད》ཅེས་པ“བོད་དུ་མཁའ་དབྱིངས་ཕུགས་འདུན་སྒྲུབ་བཞིན་རང་རེའི་ཀྲུང་ཧྭར་དགའ་ཞེན་བྱེད”པའི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་རྒྱལ་གཅེས་རིང་ལུགས་ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོར་གྲུབ་འབྲས་འབུར་དུ་ཐོན་པས། རི་མོ་དེ“ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན”གྱི་འཚོལ་ཞིབ་ཡོ་བྱད་བརྒྱུད་ཟླ་བའི་གོ་ལར་བསྐྱལ་ཡོད་པ་རེད།

    ཨན་དབྱི་ཁྲེན་ནི་སེམས་པ་བཟང་བ་དང་། ལྷག་བསམ་ཟོལ་མེད། འབད་འབུངས་ཧུར་བརྩོན། སེམས་རྩ་འཁོལ་བ་བཅས་ཀྱི་སློབ་ཆུང་སློབ་མ་ཞིག་ཡིན་ཞིང་། སློབ་གྲྭའི་དགེ་རྒན་གྱི་སློབ་སྟོན་ནན་ཏན་འོག་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།