དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མལ་གྲོ་གུང་དཀར་རྫོང་གིས་གཞི་རིམ་འཕྲོད་བསྟེན་གྱི་ཤེས་ལྡན་པའི་ནུས་པ་ཆེར་གཏོང་གི་དམིགས་བསལ་གསོ་སྦྱོང་ཁང་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་2023ལོའི“སྐལ་བཟང་མེ་ཏོག་རབ་ཏུ་བཞད”ཅེས་པའི་གཞི་རིམ་འཕྲོད་བསྟེན་གྱི་ཤེས་ལྡན་པའི་ནུས་པ་ཆེར་གཏོང་གི་དམིགས་བསལ་གསོ་སྦྱོང་ཁང་གཉེར་འགོ་ཚུགས་པ་རེད།

    གསོ་སྦྱོང་ཁང་གཉེར་བའི་མཛད་སྒོའི་ཐོག་འབྲེལ་ཡོད་འགན་འཁུར་བས། རྒྱ་ཆེའི་གྲོང་གསེབ་སྨན་པར་རང་རྟོགས་ངང་སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་པའེ་ཆིའུ་ཨེན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སེམས་རྣལ་དུ་ཕབ་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་སློབ་སྦྱོང་གཏིང་ཟབ་དང་གོ་དོན་མཐིལ་རྟོགས་ཐུབ་པར་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    “ད་ཐེངས་ཀྱི་གསོ་སྦྱོང་ལ་ཞུགས་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། ངས་དམ་པ་དོན་གཉེར་གྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས་རང་འགུལ་ངང་སློབ་སྦྱོང་ཡག་པོ་བྱས་ཏེ་རང་ཉིད་ལ་ཕྱོགས་ཡོངས་ནས་སྦྱོང་བརྡར་ཐུབ་པར་བྱེད་པ་དང་། སྦྱངས་ནས་ཤེས་ཐུབ་པའི་འགན་ལེན་བྱས་ཏེ་གང་མགྱོགས་ལས་དོན་དངོས་དང་ཟུང་འབྲེལ་བྱས་ནས་མལ་གྲོ་གུང་དཀར་རྫོང་གི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཆེད། རང་ཉིད་ཀྱི་སྟོབས་ཤུགས་དེ་བས་སྐྱེས་སུ་འབུལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཉི་མ་ལྕང་རྭ་ཤང་སྤང་མདའ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་གྲོང་ཚོའི་སྨན་པ་ཀུན་དགའ་ལྷ་མོས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ལ་གྲོང་གསེབ་ཀྱི་སྨན་པ་90ལྷག་ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།