དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས“བཟའ་བཅའི་ཐུམ་སྒྲིལ་ཁ་སྦྱར་བདེ་འཇཌ་ཀྱི་བྱ་སྤྱོད”སྤེལ་འགོ་ཚུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    གཞིས་རྩེ་གྲོང་ཁྱེར་གྱིས“བཟའ་བཅའི་ཐུམ་སྒྲིལ་ཁ་སྦྱར་བདེ་འཇགས་ཀྱི་བྱ་སྤྱོད”དངོས་སུ་སྤེལ་འགོ་ཚུགས་ནས་བཟའ་བཏུང་མངགས་སྐྱེལ་གྱི་བཟའ་བཅའི་རིགས་ལ་བདེ་འཇགས་འགན་སྲུང་བྱས་ཏེ་འཛད་སྤྱོད་པས་བློ་བདེ་པོས་མངགས་ཉོ་ཐུབ་པར་བྱས་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“བཟའ་བཅའི་ཐུམ་སྒྲིལ་ཁ་སྦྱར་བདེ་འཇགས་ཀྱི་བྱ་སྤྱོད”སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་ནས། “བཟའ་བཅའི་ཐུམ་སྒྲིལ་ཁ་སྦྱར་བདེ་འཇགས་ཀྱི་བྱ་སྤྱོད”དང“བཟའ་བཅའི་བདེ་འཇགས་ཀྱི་འགན་བཅོལ་ཆེན་པོའི”ནུས་པ་འདོན་སྤེལ་བྱས་པ་བརྒྱུད། “རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་གྲོང་ཁྱེར”འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དྲ་རྒྱའི་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། བཟའ་བཏུང་མངགས་སྐྱེལ་གྱི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་བཏང་བ། བློ་བདེའི་འཛད་སྤྱོད་ཁོར་ཡུག་བཏོད་པ་བཅས་ལས། རྒྱ་ཆེའི་གྲོང་མིའི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཡག་པོ་བྱས་ཡོད་པ་རེད།

    “ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲིམས་སྒྱུར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་སོགས་བྱེད་ཐབས་ཕྱོགས་བསྡུས་སྒོ་ནས་སྤྱད་པ་དང་། ཁེ་ལས་ཀྱིས་བཟའ་བཏུང་ཞབས་ཞུའི་སྤུས་ཚད་དང་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བར་ལྟ་སྐུལ་བྱས་ཏེ། ‘བཟའ་བཅའི་ཐུམ་སྒྲིལ་ཁ་སྦྱར་བདེ་འཇཌ་ཀྱི་བྱ་སྤྱོད’ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པའི་རང་རྟོགས་རང་བཞིན་དང་། ཧུར་བརྩོན་རང་བཞིན། རང་འགུལ་རང་བཞིན་བཅས་ཆེ་རུ་བཏང་ཡོད། དེས་མ་ཚད‘བཟའ་བཅའི་ཐུམ་སྒྲིལ་ཁ་སྦྱར་བདེ་འཇགས་ཀྱི་བྱ་སྤྱོད’སོགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཁུངས་སྣེ་འཚོལ་བསྡུ་དང་མཐའ་དཔྱོད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་གཞིས་རྩེའི་བཟའ་བཅའི་བདེ་འཇགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་རེད”ཅེས་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་མཱ་ལུའུ་ཕིང་གིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།