དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-21

    ཟླ་8ཚེས་18ཉིན། “ལོ་ཆུང་དུས་ནི་འབད་འཐབ་བྱེད་པའི་སྒང་ཡིན། རྒྱལ་སྟོབས་བསྐྱར་དར་ཆེད་དུ་ང་ཡིས་འབད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པར་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་དུས་རབས་གསར་པའི་ལོ་ཆུང་བཟང་པོར་བདམས་པའི་ནོར་བུ་སྒྲོལ་མ་དང་། སྐལ་བཟང་ཐུབ་བསྟན། པ་སངས་དོན་གྲུབ་བཅས་སློབ་གྲོགས་གསུམ་པོས་ཁོང་ཚོའི་སློབ་སྦྱོང་བྱེད་ཐབས་དང་། སློབ་སྦྱོང་ལོ་རྒྱུས། འཚར་ལོངས་བརྒྱུད་རིམ་བཅས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་མཉམ་སྤྱོད་བྱས་ནས་ཡར་ངོའི་ཟླ་བཞིན་འཕེལ་བའི་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།