དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • འཕྱོངས་རྒྱས་རྫོང་གིས་གཞི་རིམ་གྱི་ཚན་རྩལ་ཤེས་ལྡན་པར་གཅིག་སྡུད་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-21

    གཞི་རིམ་གྱི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་ཚན་རྩལ་ཤེས་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་དང་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་འཕྱོངས་རྒྱས་རྫོང་གིས་གྲོང་ཚོ(སྡེ་ཁུལ)ཁག་གི་ཚན་རྩལ་ཆེད་བསྐོས་ལས་བྱེད་པ་དང་། རྫོང་དང་ཤང་གི་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་རྐང་འཛིན་པ། གཞི་རིམ་གྱི་ཞིང་ལས་ལག་རྩལ་བ་བཅས་སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་ཚན་རྩལ་ཤེས་ལྡན་པར་གཅིག་སྡུད་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་བྱེད་སྐབས་འཕྱོངས་རྒྱས་རྫོང་གི་ཞིང་འབྲོག་ཐོན་ལས་ཀྱི་ད་ཡོད་གནས་ཚུལ་ལ་དམིགས་པ་དང་ཆབས་ཅིག དུས་འགོའི་བརྟག་ཞིབ་ཀྱི་དགོས་མཁོར་ཟུང་འབྲེལ་བྱས་ཏེ། སློབ་ཚན་བཀོད་སྒྲིག་དང་། དགེ་རྒན་བཀོད་སྒྲིག བསླབ་གཞི་སྒྲིག་བཟོ་སོགས་ཀྱི་ཐད་ལ་ཇུས་འགོད་ཞིབ་ཚགས་བྱས་ཡོད། གསོ་སྦྱོང་བྱེད་རིང་རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་དང་། བཞུགས་མོལ་དང་བགྲོ་གླེང་། ས་གནས་ས་ཐོག་ཏུ་ལྟ་སྦྱོང་སློབ་ཁྲིདབཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ། གཞི་རིམ་གྱི་ཚན་རྩལ་ཤེས་ལྡན་པའི་སྲིད་ཇུས་ཤེས་བྱ་དང་། ཞིང་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་བཀོལ་སྤྱོད། གྲོང་གསེབ་ཀྱི་མཉམ་ལས་ཁང་གཉེར་སྐྱོང་དོ་དམ་ཚད་ལྡན་ཅན་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བརྒྱབ་པ་རེད།

    གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས་སླད་ཕྱིན་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། གསོ་སྦྱོང་འཛིན་གྲྭར་སྦྱངས་པའི་ཤེས་བྱ་དག་ཞིང་དར་ཞིང་སྐྱོར་གྱི་ལས་དོན་དངོས་ལ་སྤྱད་ནས། རང་ཉིད་ཀྱི་ཞིང་འབྲོག་ཚན་རྩལ་གྱི་ཆུ་ཚད་མཐོ་རུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།