དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཚོང་དོན་ཁྱབ་ཁོངས་ཀྱི“འགྱིག་སྙིགས་གཏན་འགོག”ལས་དོན་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-18

    སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱས་ནས་ལྷ་ས་གྲོང་ཁྱེར་ཚོང་དོན་ཁྱབ་ཁོངས་ཀྱི“འགྱིག་སྙིགས་གཏན་འགོག་དང་འགྱིག་སྣོད་ལ་ཚོད་འཛིན”གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། “འགྱིག་སྙིགས་གཏན་འགོག”གི་བཅོས་སྐྱོང་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྣེ་ཁྲིད་པ་དང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་། ཁྲེང་ཀོན་ཆུས་ཚོང་དོན་ཅུས། ལྷ་ས་མཐོ་གསར་ཁུལ་གྱི་དཔལ་འབྱོར་གསར་སྤེལ་ཅུས་སོགས་སྡེ་ཚན་གྱི་གཞོགས་འདེགས་འོག་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་ལྷ་ས་གྲོང་ཁྱེར་ཚོང་དོན་ཁྱབ་ཁོངས་ཀྱི“འགྱིག་སྙིགས་གཏན་འགོག”ལས་དོན་སྒྲུབ་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་ཁྲེང་ཀོན་ཆུས་ལྕགས་པོ་རིའི་ཞིང་ཟོག་ཁྲོམ་ར་དང་། ཐེན་ཧའེ་ཁྲོམ་ར། དར་དམར་ཁྲོམ་ར་བཅས་གཞི་ཁྱོན་ཅུང་ཆེ་བའི་ཞིང་ཟོག་ཁྲོམ་ར་དང་སྐུ་ལྷ་དར་མདུང་ཡིའུ་ཕིང་སྒོ་རྩིས་ཚོང་ཁང་གི་གྲོང་ནུབ་ཚོང་ཁང་དང་། སྣེའུ་དབན་ཏཱ་ཡུང་ཧུའེ་སྒོ་རྩིས་ཚོང་ཁང་སོགས་སྒོ་རྩིས་ཚོང་ཁང་ཆེན་པོའི“འགྱིག་སྙིགས་གཏན་འགོག”ལས་དོན་ལ་ཞིབ་བཤེར་ཆེན་པོ་བྱས་ཤིང་། ཞིབ་བཤེར་བྱེད་རིང་། ཁྲོམ་ར་ཕལ་མོ་ཆེས་རུལ་སླད་འགྲོ་སླ་བའི་ཁོར་ཡུག་སྲུང་སྐྱོང་གི་འགྱིག་སྣོད་དང་རས་ཁུག་བེད་སྤྱོད་ཁྱབ་སྤེལ་གཏོང་གི་ཡོད་པ་དང་། ལྕགས་པོ་རིའི་ཞིང་ཟོག་ཁྲོམ་རའི་སྒོ་ཁར་ད་དུང་གྲོང་མིར་སྟབས་བདེ་ཡོང་བའི་རས་ཁུག་ཉོ་ས་བཟོས་ཡོད་པས་དྲིལ་བསྒྲགས་དང་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་ཡོད་པ་ཤེས་རྟོགས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།