དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱིས་ཆེད་བསྐོས་མི་དམངས་འདུམ་འགྲིག་པར་ལས་གནས་གོང་གི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-18

    ཉེ་ཆར། བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱིས་ཆེད་བསྐོས་མི་དམངས་འདུམ་འགྲིག་པའི་ལས་གནས་གོང་གི་གསོ་སྦྱོང་བྱས་པ་རེད། བྲག་ཡིབ་ཆུས་ཀྱི་ཤང(གྲོང་རྡལ)ཁག་གི་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་དང་། གསར་དུ་གདན་ཞུ་བྱས་པའི་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་10གསོ་སྦྱོང་ལ་ཞུགས་པ་དང་འབྲེལ་གདན་ཞུའི་ཡི་གེ་ཡང་རག་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་བྲག་ཡིབ་ཆུས་ཁྲིམས་ཁང་གྱོད་དོན་ཐོ་འགོད་དིང་གི་དིང་ཀྲང་དང་། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ལྟ་ཞིབ་ཁྲིམས་སྐྱོང་རུ་ཆེན་གྱི་རུ་དཔོན་གཞོན་པ། རྒྱལ་ཡོངས་ཀྱི་དཔེ་བཟང་འདུམ་འགྲིག་པ་བཅས་གདན་ཞུ་བྱས་ནས་གསར་དུ་གདན་ཞུ་བྱས་པའི་ཆེད་བསྐོས་མི་དམངས་འདུམ་འགྲིག་པར་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་དགེ་རྒན་གྱིས་མི་དམངས་འདུམ་འགྲིག་ལས་དོན་གྱི་ངོ་བོ་དང་། ལས་ཀའི་འགན་ནུས། དེ་བཞིན་མི་དམངས་འདུམ་འགྲིག་གི་དོན་སྙིང་གལ་ཆེན་བཅས་ནས་འགོ་བཙུགས་ཏེ་དཔེ་མཚོན་ཞིབ་ཕྲ་དྲངས་ནས་མི་དམངས་འདུམ་འགྲིག་རྩ་འཛུགས་དང་དེའི་དཔུང་ཁག་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག་ཡིག་ཆ་ཚད་ལྡན་བཟོ་བ། འདུམ་འགྲིག་རྩལ་ནུས་དང་དེ་བཞིན་ཁོང་དུ་ཆུད་དགོས་པའི་རྩ་དོན། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་དང་། འདུམ་འགྲིག་གི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་གསོན་ཉམས་དོད་པོས《མི་དམངས་འདུམ་འགྲིག་སྐོར་གྱི་བཅའ་ཁྲིམས》དང《དམངས་དོན་ཁྲིམས་གཞུང》ལ་གསལ་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།