དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • “བོད་ཀྱི་མི་ཚང་མ་བདེ་ཐང་ཡོང་བའི”2023ལོའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བོད་དུ་སླེབས་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཟླ་8ཚེས་9ནས་13ཉིན་བར་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི“བོད་ཀྱི་མི་ཚང་མ་བདེ་ཐང་ཡོང་བའི”2023ལོའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བོད་དུ་སླེབས་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

    ད་རེས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་རྒྱལ་ཡོངས་ཀྱི་ཞིང་ཆེན་14དང་གྲོང་ཁྱེར་18ནས་སླེབས་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཡོན་ཧྲི་དང་རྒྱལ་ནང་གི་གྲགས་ཅན་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་སྙིང་ཀླད་ཁྲག་རྩའི་ཚན་ཁག་གི་རིགས་གཅིག་མཁས་ཅན། དེ་བཞིན་རུས་ནད་ཚན་ཁག་དང་། མོ་ནད་ཚན་ཁག ཀྲུང་ལུགས་གསོ་རིག་ཚན་ཁག་སོགས་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་དང་བླངས་པ་ལས་གྲུབ་ཡོད། ད་རེས་ཀྱི་སྨན་བཅོས་ཚོགས་པ་ཚོགས་ཆུང་6ལ་བགོས་ནས་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། ཆུ་ཤུར་རྫོང་། ལྷུན་གྲུབ་རྫོང་སོགས་སུ་ནད་བརྟག་སྨན་བཅོས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ཀྱི་མི་ཚང་མ་བདེ་ཐང་ཡོང་བའི”སྤྱི་ཕན་རྣམ་གྲངས་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་པ་དང་སྦྲགས། ལག་བསྟར་བྱས་པའི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་བདེ་ཐང་སྨན་བཅོས་ཆ་རྐྱེན་ལེགས་སུ་བཏང་ནས་བོད་ཀྱི་མིའི་ཆ་སྙོམས་ཚེ་རིང་དུ་ནུས་ལྡན་གཏོང་བ་འདི་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།