བོད་ལྗོངས་ཀྱིས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་རིགས་དབྱེ་སྐྱོབ་བཅོས་བྱེད་ཚད་གོང་མཐོར་བཏང་བ།
ལྗོངས་ཡོངས་ཀྱི་གཙོ་གནད་མི་ཚོགས་ལ་རིགས་དབྱེ་སྐྱོབ་བཅོས་བྱེད་ཚད་100%ཟིན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོཌ་བྱུང་བར། ཟླ་5པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་གཙོ་གནད་མི་ཚོགས་ལ་རིཌ་དབྱེ་སྐྱོབ་བཅོས་བྱེད་ཚད་100%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.6གིས་མཐོ་བས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ལས་འགན་ཞིབ་ཕྲ་བཟོས་ནས་དག་ཐེར་ལ་དམ་འཛིན་དང་། ཆད་སྐྱོན་དང་ཞན་ཆར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་པས། རང་ལྗོངས་ཀྱི་གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་རིགས་དབྱེ་སྐྱོབ་བཅོས་བྱེད་ཚད་མཐོ་རུ་ཕྱིན་ཡོད་པ་རེད། འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《2022ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་གྱི་དཔྱད་ཞིབ་དཔྱད་དཔོག་ཚུར་ལན་གྱི་གནད་དོན་དག་ཐེར་དོན་འཁྱོལ་ཇུས་གཞི》བཏོན་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་རྫོང(ཆུས)གཅིག་ནས་གཉིས་བར་དང་རྫོང(ཆུས)ཁག་ནས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་5ནས་10བར་ཟུར་འཐེན་བྱེད་དགོས་པའི་མཛུབ་ཁྲིད་བྱས་པ་དང་། དུད་ཚང་དུ་བསྐྱོད་ནས་ཞིབ་བསྡུར་བྱེད་པའི་བརྒྱུད་རིམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་འཐེན་བཤེར་བྱ་ཡུལ་ནས་དུད་ཚང་2873གྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཡིག་ཚགས་དཔྱད་ཡིག་10545ཡི་འཐུས་ཚང་གི་རང་བཞིན་དང་གནད་འཁེལ་གྱི་རང་བཞིན་ལ་ཞིབ་བསྡུར་བྱས་པ་རེད།